བྱང་ཐང་མི་མེད་ལུང་སྟོང་གི“དཔའ་མོ་ཁྱུང་རྫོང”

འདི་ནི་4ཚེས་10ཉིན་པར་བརྒྱབ་པའི“དཔའ་མོ་ཁྱུང་རྫོང”གི་ཞོན་ཝུའུ་བྲག་རྡོའི་ས་དབྱིབས་ཡིན་པ།

འདི་ནི་ཟླ་4ཚེས་10ཉིན་པར་བརྒྱབ་པའི“དཔའ་མོ་ཁྱུང་རྫོང”གི་ས་དབྱིབས་ཡིན་པ།
“དཔའ་མོ་ཁྱུང་རྫོང”ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་གནས་པ་དང་། བྱང་ཐང་མི་མེད་ལུང་སྟོང་གི་ས་བབ་སྨི་5000ཡི་སར་ཡོད་པས་དེ་གར་འགྲོ་ལམ་བཟོས་མེད། དེའི་རྒྱུད་དུ་མེ་རིའི་ཤུལ་ཞིག་ཡོད་པར་ཚངས་ཐིག་ལ་སྨི་300ཙམ་གྱི་ལྡུག་ཚགས་དབྱིབས་ཀྱི་མེ་རིའི་ཁ་དང་དེ་བཞིན་ཞོན་ཝུའུ་བྲག་རྡོ་འབོར་ཆེན་ཡོད་པས་ཐུན་མོང་མ་ཡིན་པའི“རྡོ་ཚོགས”ཀྱི་མཛེས་ལྗོངས་ཤིག་གྲུབ་ཡོད། ཉེ་ཆར། གསར་འགོད་པ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་ས་ཁུལ་དོ་དམ་ཅུས་ཀྱི་ཆེད་ལས་དོ་དམ་སྲུང་སྐྱོང་རུ་ཁག་དང་མཉམ་དུ་ས་ཁུལ་དེར་སྐྱེ་ཁམས་སྐོར་གཡེང་བྱེད་པར་བསྐྱོད་ནས་ངོ་མཚར་ཆེ་བའི་ས་གཞི་དེར་འཚོལ་ཞིབ་བྱས་པ་ཡིན།
འབྲེལ་ཡོད་གསར་འགྱུར།