དབུ་ཤོག
  • སྟོད་ལུང་ལ་འཆམ་འཆམ་འགྲོ་ས་ཡག་པོ་ཞིག་བཟོས་ཚར་གྲབས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-04-17

    ཉེ་ཆར། གསར་འགོད་པས་སྟོད་ལུང་བདེ་ཆེན་ཆུས་གཙང་འགྲམ་བྱང་ལམ་ལྷོ་ཕྱོགས་ཀྱི་སྟོད་ལུང་གཙང་པོའི་གཡོན་ངོས་སུ་གནས་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་ཆུའི་བྱང་ངོས་ལུས་རྩལ་རིག་གནས་སྤྱི་གླིང་གི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཨར་པོ་བ་ཚོས་སྔོ་ལྗང་འདེབས་འཛུགས་དང་མཛེས་ལྗོངས་ཀྱི་རྒྱན་སྤྲོས་དངོས་པོ་བསྒར་བ་སོགས་མཇུག་བསྡུའི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་མཐོང་བྱུང་། 

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་2025ལོའི་ཟླ་5ཚེས་10ཉིན་དངོས་སུ་ལས་འགོ་ཚུགས་ཤིང་། རགས་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་ཁྲི་3382.38བཏང་བ་དང་ས་ཁྱོན་ལ་སྨི་ངོས་གྲུ་75500ཟིན་གྱི་ཡོད།  སྔོན་དཔག་བྱས་ན་2026ལོའི་ཟླ་5ཚེས་30ཉིན་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

    རྣམ་གྲངས་དེ་བསྐྲུན་ཟིན་རྗེས། ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་རིག་གནས་ལུས་རྩལ་གྱི་སྤྱི་པའི་བར་མཐོངས་ཀྱི་ཞན་ཆ་གསབ་སྟེ། སྐྱེ་ཁམས་རྨང་གཞིར་བྱེད་པ་དང་རིག་གནས་ལུས་རྩལ་ཁྱད་ཆོས་སུ་བྱས་ཏེ། གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དང་གཟུགས་བརྙན་ལེགས་སུ་བཏང་སྟེ། གྲོང་མིར་ལུས་སྦྱོང་སྤྲོ་གསེང་བྱ་ཡུལ་ཞིག་གཏོད་རྒྱུ་མ་ཟད། སྐྱེ་ཁམས་འཚོ་སྡོད་རུང་བའི་གྲོང་ཁྱེར་བསྐྲུན་པར་རམ་འདེགས་ཀྱང་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།