པེ་ཅིང་དུ་ས་སྐྱ་དགོན་གྱི་ལོ་རྒྱུས་རིག་གནས་དང་སྒྱུ་རྩལ་གྱི་འགྲེམས་སྟོན་བྱས་པ།

2026ལོའི་ཟླ་4ཚེས་12ཉིན། པེ་ཅིང་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ས་སྐྱ་དགོན་གྱི་ལོ་རྒྱུས་རིག་གནས་དང་སྒྱུ་རྩལ་གྱི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནི་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་སོགས་རིག་གནས་རྟེན་མཛོད་ཀྱི་ཚན་པ་མང་པོ་དང་མཉམ་དུ་གཉེར་བ་ཞིག་རེད། འགྲེམས་སྟོན་ལ་རྩ་ཆེའི་རིག་དངོས་ཁག་200ལྷག་ཙམ་ལེགས་འདེམས་བྱས་ཏེ“ས་སྐྱ་དགོན་གྱི་ལོ་རྒྱུས”དང་། “མངའ་སྡེ་གཅིག་གྱུར” “ས་སྐྱའི་དུས་རབས་ཀྱི་རིག་གནས་དང་སྒྱུ་རྩལ” “ས་སྐྱའི་ལུགས་ཀྱི་གཅེས་ཉར”བཅས་ཚན་པ་བཞིར་བྱས་ནས་ས་སྐྱ་དགོན་གྱི་ལོ་ངོ་སྟོང་གི་ལོ་རྒྱུས་དང་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་བྱས་པ་མ་ཟད། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་འཕེལ་རིམ་ཁྲོད་ཀྱི་ནུས་པ་གལ་ཆེན་ཡང་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།