《ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ཡུལ་སྐོར་དངོས་བྲིས་ཟིན་ཐོའི》ཕུད་སྟོན་དང་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཉམས་ལེན་གྱི་བཅར་འདྲི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ།

ཟླ་4ཚེས་14ཉིན། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་དྲིལ་བསྒྲགས་པུའུ་དང་ཡུན་ནན་ཞིང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་བའི《ཀྲུང་གོ་དང་ལོ་སོའི་ལྕགས་ལམ་གྱི་ཡུལ་སྐོར་དངོས་བྲིས་ཟིན་ཐོ》ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་སུ་ཐོག་མར་སྟོན་པ་དང་ཀྲུང་གོ་དང་ལོ་སོའི་ལྕགས་ལམ་ཉམས་ལེན་གྱི་བཅར་འདྲི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཁུན་མིང་འབབ་ཚུགས་ལྷོ་མར་འཚོགས་པ་རེད། གློག་བརྙན་དེ་ཟླ་4ཚེས་14ནས་ཚེས་16ཉིན་བར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་མཚོན་པར་གཞིའི་འཕྲིན་ལམ་ཐོག་བསྟན་པ་དང་ཆབས་ཅིག ལོ་སིའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྱང་དུས་གཅིག་ཏུ་བསྟན་པ་རེད། དེ་གོང་། དངོས་མཚོན་པར་གཞིའི་དབྱིན་ཡིག་པར་གཞི་དེ་ཨེ་ཤེ་ཡ་དང་། ཡོ་རོབ། མེ་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་དུ་གཅིག་རྗེས་གཉིས་མཐུད་ངང་བསྟན་པ་རེད།
འདི་ནི་ཟླ་4ཚེས་14ཉིན་པར་བརྒྱབ་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།