དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཨ་རབ་རྒྱལ་ཁབ་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དོ་གནད་དུ་འཛིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-17

    ཚེས་14ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཨ་རབ་རྒྱལ་ཁབ་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཨར་ཅི་རི་ཡའི་རྒྱལ་ས་ཨར་ཅིར་སིར་འཚོགས་ཤིང་། ཀྲུང་གོ་དང་། ཨར་ཅི་རི་ཡ། ཨེ་ཅིབ་སོགས་རྒྱལ་ཁབ་13གྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་རིཌ་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་གྱིས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་དང་། མི་ཆོས་རིག་གནས་སྤེལ་རེས། དཔལ་འབྱོར་ཚོང་དོན་མཉམ་ལས་སོཌ་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་རེད།

    ཨར་ཅི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏུང་ཀོང་ལིས་ཤིས་ཚིག་སྒྲོན་སྐབས། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཨ་རབ་རྒྱལ་ཁབ་ཁག་གི་ཤེས་དཔལ་ཚང་མར་བཀྲག་མདངས་འཚེར་མྱོང་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ལོ་ངོ་སྟོང་གི་མཛའ་གྲོགས་ལོ་རྒྱུས་བརྒྱུད་མྱོང་ཡང་ཉམས་མེད་པ་དང་། ཕན་ཚུན་བརྩི་འཇོག ལྟ་སྟངས་འདྲ་མཉམ་འཛིན་པ། སྒོ་དབྱེ་བསྟུན་མཁས་བཅས་བྱེད་ཀྱི་ཡོད། 2026ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁས“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཐུན་མོང་ཐོག་གཉེར་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་དབུ་ཚོགས་སྐབས་གཉིས་པ་ཀྲུང་གོར་འཚོག་རྒྱུ་རེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་དབུ་ཚོགས་ལ་རིག་གཞུང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མཉམ་ལས་ལ་བསམ་བློའི་སྒུལ་ཤུགས་བསྣན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་ནུབ་བྱང་སློབ་ཆེན་དང་། ཨར་ཅི་རི་ཡའི་ཨར་ཅིར་སི་སློབ་ཆེན་གསུམ་པ། ཨར་ཅི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཡོ་རོབ་ནུབ་མ་དང་ཨ་ཧྥེ་རི་ཁའི་ཁྱབ་སྤེལ་ལྟེ་གནས། ཀྲུང་གོ་ཧྥུའུ་ཏན་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།