གཡན་ཐའེ་གྲུ་ཁ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དོ་རྩིས་དངོས་པོ་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་དོད་པོས་འཕར་བ།

ཉེ་ཆར། ཧྲན་ཏུང་གྲུ་ཁའི་གཡན་ཐའེ་གྲུ་ཁར་ཟོག་འདྲེན་རླངས་འཁོར་དང་། སྣུམ་འདྲེན་རླངས་འཁོར། ཨར་འདམ་གཡོས་འཁོར་སོགས་སྔ་རྗེས་སུ་གྲུར་བླུགས་ནས་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་རྩིས་ཡོད་པ་རེད། ད་ལོའི་དུས་ཚིགས་དང་པོར་གཡན་ཐའེ་གྲུ་ཁ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དོ་རྩིས་དངོས་པོ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་200ལས་བརྒལ་བ་དེ་དུས་མཚུངས་ལས་31.9%འཕར་བ་དང་། སྐྱེལ་འདྲེན་དངོས་ཟོག་དེ་རིགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་དམངས་འཚོའི་དགོས་མཁོ་དང་ཧ་ཅང་འཚམ་པོ་ཡོད་པ་རེད།
འདི་ནི་ཟླ་4ཚེས་13ཉིན། ཁོ་ཐེ་ཏི་ཝོར་ཕྱིར་གཏོང་བྱ་རྒྱུའི་རླངས་འཁོར་དག་ཧྲན་ཏུང་གྲུ་ཁའི་གཡན་ཐའེ་གྲུ་ཁ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དུས་གཏན་གྲུ་གཟིངས་ནང་བླུག་བཞིན་པ།
འབྲེལ་ཡོད་གསར་འགྱུར།