ཞི་ཅིན་ཕིང་སྟངས་དཔྱལ་གྱིས་སུའུ་ལིན་སྟངས་དཔྱལ་དང་མཛའ་བརྩེའི་ཞལ་གྱེས་གླེང་མོལ་གནང་བ།

ཟླ་4ཚེས་15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལི་དང་མཛའ་བརྩེའི་ཞལ་གྱེས་གླེང་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལི་དང་མཛའ་བརྩེའི་ཞལ་གྱེས་གླེང་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། དེ་རིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་སྤེལ་རེས་ཟབ་མོ་ཡུན་རིང་བྱས་ཏེ་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་མང་པོ་བྱུང་སོང་། ངས་མངོན་གསལ་དོད་པོས་ཚོར་ཐུབ་པ་དེ། ཀྲུང་གོ་དང་ཝེ་ཐེ་ནམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། ང་ཚོས་འགྲོ་ལམ་དེས་གཏན་འཁེལ་བྱས་པའི་ཁ་ཕྱོགས་བརྒྱུད་མུ་མཐུད་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལས་དབང་གཅིག་མཐུན་ཚོགས་པ་བྱེད་དགོས་པ་དང་། ང་ཚོ་ནི་སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་མཚེས་བཟང་པོ་ཞིག་རེད་ལ་དེང་རབས་ཅན་གྱི་ཕྱོགས་སུ་མཉམ་དུ་སྐྱོད་བཞིན་ཡོད་པས། དེང་རབས་ཅན་མངོན་འགྱུར་བྱེད་པའི་ལས་དབང་གཅིག་མཐུན་ཚོགས་པ་བྱེད་དགོས་པ། ང་ཚོ་ཚང་མས་གནམ་འོག་རྩེ་མཐུན་གྱི་འདོད་ཚུལ་འཛིན་གྱི་ཡོད་པས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་འོག་ཏུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རོགས་ཟླ་ཞིག་བྱེད་དགོས། སང་ཉིན་སྐུ་ཉིད་ཀོང་ཤིས་སུ་འཚམས་འདྲིར་ཕེབས་ནས་ཀྲུང་གོར་སྔར་བས་རྒྱུས་ལོན་ཟབ་མོ་གནང་རྒྱུ་རེད།
དེས་ན་ང་ཚོས་ཝེ་ཐེ་ནམ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་འཕེལ་རྒྱས་མྱུར་པོ་འགྲོ་བའི་མགྱོགས་ལམ་ཐོག་བསྐྱོད་པར་ཁྲིད་སྟོན་བྱེད་འདོད་ཡོད།
སུའུ་ལིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་པར་བློ་མཐུན་དང་སྤུན་ཟླ་ལྟ་བུའི་སྤྲོ་སེམས་འཁོལ་བའི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་དམིགས་བསལ་བཀོད་སྒྲིག་རབ་དང་རིམ་པ་གནང་ནས་ཝེ་ཐེ་ནམ་ཕྱོགས་དང་དམིགས་བསལ་གྱི་མཛའ་གྲོགས་བརྩེ་སེམས་མངོན་པར་བྱས་པར་ཝེ་ཐེ་ནམ་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། མིག་སྔར་ཝེ་ཀྲུང་འབྲེལ་བ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་སླེབས་ཤིང་། ད་ཐེངས་ཀྱི་འཚམས་འདྲི་གནང་རིང་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་བ་དང་མཉམ་ལས་ཀྱི་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་ནས་ད་བར་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། ད་ཐེངས་ང་ཚོས་ད་དུང་བློ་མཐུན་ཞི་ཅིན་ཕིང་གིས་བཏོན་གནང་བའི་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་ལག་བསྟར་ཐུབ་པ་དང་འབྲེལ་གྲུབ་འབྲས་གལ་ཆེན་ཐོབ་པའང་བདེན་དཔང་ཐུབ་བྱུང་། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ། ད་ཐེངས་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དག་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བར་བྱས་ནས། རྒྱལ་ཁབ་གཉིས་པོར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་དང་དེ་བས་ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཕྱོགས་སུ་གོམ་སྟབས་གསར་པ་སྤོ་འདོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།