དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་ཀྱིས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ཞབས་ཞུ་མཉམ་སྐྲུན་ཚོད་ལྟའི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    ཉེ་ཆར། རྔ་ཆེན་བྱང་ལམ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ཞབས་ཞུ་མཉམ་སྐྲུན་ཚོད་ལྟའི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། བྱེད་སྒོ་དེ་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲེང་ཀོན་ཆུས་རྔ་ཆེན་བྱང་ལམ་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་། རྔ་ཆེན་བྱང་ལམ་སྡེ་ཁུལ་ཨུ་ལྷན། འཇག་མ་སྒང་སྡེ་ཁུལ་ཨུ་ལྷན། ཁྲེང་ཀོན་ཆུས་ཆིའུ་ཧྲི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་བཅས་ཀྱིས་མཉམ་དུ་གཉེར་འགན་འཁུར་བ་ཞིག་རེད།

    སྔ་དྲོའི་ཆུ་ཚོད་10པར། བྱེད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཁྲོད་འགོ་ཚུགས་པ་དང་ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་མཉམ་དུ་རྒྱལ་གླུ་བླངས་པ་རེད། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་རྔ་ཆེན་བྱང་ལམ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་ཞབས་ཞུ་མཉམ་སྐྲུན་ཚོད་ལྟའི་དམངས་ཕན་འཆར་གཞི་ཁྱབ་བསྒྲགས་བྱས་པས་དེ་གར་ཡོད་པའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཟབ་མོ་ཚོར་ཡོད། དེ་རྗེས་སྒོ་བྱང་འགེལ་བའི་མཛད་སྒོར་མཉམ་སྐྲུན་ཚན་པའི་མིང་ཐོ་དང་དེ་བཞིན་ཞལ་འདེབས་ཀྱི་ཡོང་ཁུངས་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་བསྡུ་སྒྲིལ་བྱས་ཏེ་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་ཡོད།

    ད་རེས་ཀྱི་བྱེད་སྒོའི་དབྱིངས་ཞུགས་རྣམ་པའི་ཚོང་འདུས་ཉམས་ལེན་ནང་ཞུགས་མཁན་ཚོས“ལོ་ཟླའི་ཡིག་སྒམ”གྱི་བསྡུར་བའི་འགྲེམས་སྟོན་དང“མཉམ་དུ་འབྱུང་འགྱུར་གཏོད་པའི”རི་མོའི་འགྲེམས་སྟོན་ནང་ཞུགས་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་མྱོང་རོལ་བྱས་ཡོད། “བདེ་སྐྱིད་མཁོ་སྤྲོད་ས་ཚིགས”སུ་དང་བླངས་པས་ཁོངས་གཏོགས་ཁུལ་གྱི་ཡུལ་མིར་སྐྲ་བཞར་བ་དང་འཕུར་མཉེད་གཏོང་བ་སོགས་ཀྱི་དམངས་ཕན་ཞབས་འདེགས་ཞུས་ནས་ཡུལ་མི་དེ་བས་མང་བ་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང“རིག་རྩལ་མྱུར་འཁྲབ་ཁུལ”གྱི་སྤེལ་རེས་རོལ་རྩེད་དང་ཟློས་གར་ལས་ས་ཡུལ་དངོས་ཀྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་སོང་ཡོད་པ་རེད།

    རྔ་ཆེན་བྱང་ལམ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། ལྟེ་གནས་དེ་2026ལོའི་ཟླ་4པར་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་ནས་བདེ་ཐང་གི་ཚེ་མཇུག་སྲུང་བའི་ལྟེ་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ད་ཡོད་ས་ཆ་དང་སྒྲིག་བཀོད་ལ་བརྟེན་ཏེ“རྨང་གཞིའི་ཞབས་ཞུར་འགན་སྲུང་ཡོད་པ་དང་། ཁྱད་ལྡན་ཞབས་ཞུར་དྲོ་སྐྱིད་ལྡན་པ། དུད་ཚང་དུ་སྐྱོད་པའི་ཞབས་ཞུ་གནད་ལ་འཕིགས་པ། བསམ་པའི་འཚོ་བར་གསོན་ཤུགས་ཀྱིས་ཁེངས་པ”བཅས་ཀྱི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་མ་ལག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།