པར་རིས་གསར་འགྱུར།

ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱི་དྲ་མིག་ཨང་7པས“བློ་སེམས་དཀར་པོས་སྣེ་ཁྲིད་བྱེད། རྩ་གཉིས་ཨང་རྟགས་ཀྱིས་སེམས་པ་སྦྲེལ”ཞེས་པའི་དམངས་ཕན་ཞབས་ཞུའི་རྩ་གཉིས་ཨང་རྟགས་གསར་དུ་བཏོན་ཞིང་། གྲོང་མིས་རྩ་གཉིས་ཨང་རྟགས་བཤེར་བ་བརྒྱུད། ཆ་འཕྲིན་རེའུ་མིག་རྒྱོང་བ་དང་གནད་དོན་ལན་སྤྲོད་སོགས་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད།
འདི་ནི་ལས་དོན་མི་སྣས་ཁོངས་གཏོགས་ཁུལ་གྱི་ཐོག་ཁའི་བར་ཁྱམས་དང་ཡོངས་བསྒྲགས་འགྲེམས་པང་ཐོག་དམངས་ཕན་ཞབས་ཞུའི་རྩ་གཉིས་ཨང་རྟགས་སྦྱོར་བཞིན་པ།
འབྲེལ་ཡོད་གསར་འགྱུར།