དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱི་2025ལོའི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ།

    གྲུབ་ཆ་ལེགས་སྒྲིག་དང་དམངས་འཚོ་ལེགས་གཏོང་གི་འཕེལ་ཕྱོགས་ཡག་པོ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    ཉེ་ཆར། གསར་འགོད་པར་2025ལོའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1090.99ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས་6.7%འཕར་ཡོད་པ་རེད། བསྡོམས་རྩིས་གྲངས་གཞི་ལས་མངོན་པར། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཐོན་ལས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། དམངས་འཚོའི་བདེ་རྩ་ལེགས་སུ་ནུས་ལྡན་ཕྱིན་པ་བཅས་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

    ཐོན་ལས་ནས་བལྟས་ཚེ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་37.04ཟིན་ནས་9.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་468.48ཟིན་ནས་9.9%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་585.47ཟིན་ནས་4.6%འཕར་ཡོད། ཐོན་ལས་གཉིས་པ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་པ་དང་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གྲངས་5.4འཕར་བར་སྐུལ་ཁྲིད་བྱས་ཡོད། དེའི་ནང་བཟོ་ལས་ཀྱི་འཕར་ཐང“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་སྒོར་དུང་ཕྱུར་78.55ནས་སྒོར་དུང་ཕྱུར་271.61བར་འཕར་བ་དེས་GDPནང་བཟུང་བའི་བསྡུར་ཚད་11.3%ནས་24.9%བར་འཕར་བ་དང་བརྒྱ་ཆའི་གྲངས་13.6འཕར་ཏེ་བཟོ་ལས་ཀྱི“གྲུ་རྡོའི”ནུས་པ་མངོན་གསལ་དོད་དུ་ཕྱིན་ཡོད།

    ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་ཡག་པོ་རྒྱུན་འཁྱོངས་ཐུབ་ཅིང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི་17.52ཟིན་ནས་1.2%འཕར་བ་དང་། ཤ་སྒོང་དང་དཀར་ཆུའི་ཐོན་རྫས་ཀྱི་ཐོནབབ་ཏུན་ཁྲི་19.05ཟིན་ནས་3.2%འཕར་ཡོད། བཟོ་ལས་ཐོན་སྐྱེད་འཕར་ཚད་ཅུང་མགྱོགས་པ་དང་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་16.7%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྤྱིའི་ཆར་བརྟན་པོ་ཡོད་པ་དང་ལྷ་ས་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དུས་མཚུངས་ལས་6.0%འཕར་ཡོད།

    འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་མཐུད་འཕར་ཞིང་། གྲོང་ཁྱེར་ཡོངས་ཀྱིས“བདེ་སྐྱིད་ལྡན་པའི་ལྷ་ས། འཚོ་བ་ལོངས་སུ་སྤྱོད”ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རིམ་སྤེལ་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་པས་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ནུས་ལྡན་ངང་ཐོན་ཡོད། 2025ལོར་གྲོང་ཁྱེར་ཡོངས་སུ་སྤྱི་ཚོགས་འཛད་ཟོག་གི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་550.44ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ཡོད། གཉེར་སྐྱོང་ཚན་པའི་གནས་ཡུལ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་464.99ཟིན་ནས་4.2%འཕར་བ་དང་། གྲོང་གསེབ་ཀྱི་འཛད་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་85.45ཟིན་ནས་5.9%འཕར་ཏེ་གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་སུ་ཕྱིན་ཡོད།

    2025ལོར་ལྷ་སའི་གྲོང་མིའི་འཚོ་བའི་འཛད་སྤྱོད་ཀྱི་གཏོང་སྒོ་ཡང་མགྱོགས་མྱུར་འཕར་ཞིང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་61802ཟིན་ནས་6.2%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29189ཟིན་ནས་7.5%འཕར་བ། གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་བརྒྱ་ཆའི་གྲངས་1.3གྱིས་མགྱོགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་ཚད་2.12ཟིན་པ་དེ་ལོ་གོང་མ་ལས་0.03ཉུང་དུ་ཕྱིན་ཡོད།

    ལས་ཞུགས་གནས་བབ་སྤྱིའི་ཆར་བརྟན་པོ་བྱུང་ཞིང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཐེངས་ཁྲི་1.53མང་དུ་ཕྱིན་པ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་9.01ལས་ཞུགས་གཞན་སྒྱུར་ཐུབ་ནས་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་འོས་འཚམ་ངང་འཕར་ནས་ལོ་ཧྲིལ་པོའི་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མ་ལས་0.4%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།