ལྷ་ས་གྲོང་ཁྱེར་དང་ཆུས་རིམ་གཉིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།
“བདེ་སྐྱིད་ཤོག ཁྱིམ་ཚང་འཆམ་མཐུན”ཞེས་པའི་གཉེན་སྒྲིག་འདུམ་འགྲིག་ལས་སྒྲུབ་ཁང་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་གཉེར་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་ཆུས་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་དུས་མཉམ་དུ་བརྗོད་དོན་གཙོ་བོའི“བུད་མེད་ཀྱིས་མཐུན་རྐྱེན་སྦྱོར·དར་རྒྱས་ལ་རམ་འདེགས་བྱེད”ཅེས་པའི་བྱ་སྤྱོད་ཀྱི“བདེ་སྐྱིད་ཤོག ཁྱིམ་ཚང་འཆམ་མཐུན”ཞེས་པའི་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་ལས་སྒྲུབ་ཁང་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་གཉེར་བ་རེད། གྲོང་ཁྱེར་དང་ཆུས་རིམ་གཉིས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་སོགས་མཛད་སྒོར་ཞུགས་ཡོད་པ་རེད།
མཛད་སྒོ་སྤེལ་ཡུལ་དུ་ཚོགས་ཞུགས་འགོ་ཁྲིད་ཀྱིས་གཉེན་སྒྲིག་འདུམ་འགྲིག་ལས་སྒྲུབ་ཁང་ལ་སྒོ་བྱང་སྤྲད་པ་དང་འབྲེལ། ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་སྒྲུབ་ཁང་ལ་ལས་ཀའི་གྲོན་དངུལ་སྒོར་ཁྲི་1སྤྲད་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་གཉེན་སྒྲིག་ཁྱིམ་ཚང་གི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལ་སྤུས་རྟགས་ཅན་དང་། ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྱོང་དངོས་སུ་བྱེད་འགོ་ཚུགས་པ་མཚོན་ཡོད།
གཉེན་སྒྲིག་འདུམ་འགྲིག་ལས་སྒྲུབ་ཁང་འདིས་ཁྲིམས་རྩོད་པ་དང་། སེམས་ཁམས་བློ་འདྲི་བ། རྒན་ཡོལ་ཞུས་པའི་ཁྲིམས་དཔོན་སོཌ་ཀྱི་ཆེད་ལས་སྟོབས་ཤུཌ་ལ་བརྟེན་ནས“བཅའ་ཁྲིམས་བློ་འདྲི་དང་། སེམས་ཁམས་སློབ་སྟོན། འགལ་ཟླ་འདུམ་འགྲིག རྗེས་སྙེག་འཚམས་ལན་བཅས་ཟུང་དུ་འབྲེལ་བའི”གཅིག་འཐུས་རྣམ་པའི་ཞབས་ཞུ་ཁྱབ་གདལ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།