དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་འབྲེལ་བྱས་ནས།

    “བཅའ་ཁྲིམས་ཁྱབ་གདལ་གྱིས་ཁེ་ལས་ལ་ཕན་བདེ་སྐྲུན། སྒྲིག་སྲོལ་དང་བསྟུན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པའི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་འཆད་ཁྲིད་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    ཉེ་ཆར། ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ“བཅའ་ཁྲིམས་ཁྱབ་གདལ་གྱིས་ཁེ་ལས་ལ་ཕན་བདེ་སྐྲུན། སྒྲིག་སྲོལ་དང་བསྟུན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པའི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་འཆད་ཁྲིད་གཉེར་ཞིང་། ཆེད་ལས་ཁྲིམས་རྩོད་པ་ཆེད་མངགས་སློབ་ཁྲིད་བྱེད་པར་གདན་དྲངས་པ་དང་ལྷུན་གྲུབ་རྫོང་གི་ལས་རིགས་ཁག་གི་ཁེ་ལས་ཀྱི་འཐུས་མི་30ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ཁྲིམས་རྩོད་པས་གན་རྒྱའི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་། ངལ་རྩོལ་ལས་མི་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་དང་མཐུན་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་སོགས་འགག་རྩའི་ནང་དོན་ལ་དམིགས་ནས་བཅའ་ཁྲིམས་ཀྱི་དོན་ཚན་རྣམས་ཁ་གསལ་གོ་བདེའི་ངང་འགྲེལ་བཤད་བརྒྱབ་པ་དང་། ཁེ་ལས་གཉེར་སྐྱོང་ཁྲོད་རྒྱུན་མཐོང་གི་བཅའ་ཁྲིམས་ཀྱི་ཉེན་ཁ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ། ཆེད་ལས་ཅན་གྱི་སྒྲིག་སྲོལ་དང་མཐུན་པའི་དོ་དམ་གྱི་གྲོས་འགོ་འདོན་པ་བཅས་བྱས་ཏེ། ཁེ་ལས་ལ་བཅའ་ཁྲིམས་ཀྱི་དབྱེ་མཚམས་གསལ་པོ་བཟོ་བ་དང་གཉེར་སྐྱོང་གི་མངོན་མེད་རྐྱེན་ངན་སེལ་བར་རོགས་རམ་ཏན་ཏིག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ལྷུན་གྲུབ་རྫོང་ཁྲིམས་འཛིན་སྡེ་ཚན་གྱིས་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་མཉམ་དུ་ནུས་ཤུགས་འདོན་པ་དང་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེཌ་ཞུ་བའི་དངོས་སྒྲུབ་བྱ་སྤྱོད་ཅིག་ཡིན་པས་ཁེ་ལས་ཀྱིས་ཁྲིམས་ལྟར་གཉེར་སྐྱོང་དང་སྒྲིག་སྲོལ་བཞིན་དོ་དམ་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས། ཁེ་ལས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།