གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ཀྱིས།
གཅེས་སྐྱོང་གི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་བདེ་འཇཌ་འདུ་ཤེས་ཟབ་ཏུ་དང་རང་སྲུང་ནུས་པ་ཆེ་རུ་བཏང་བ།
ཉེ་ཆར། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཨུད་ཀྱིས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཁ་རུབ་ཆུས་སྡེ་ཚོགས་ཨུ་ལྷན། གཉིས་ཁེ་གཉིས་ཕན་སྡེ་ཚོགས་ཀྲི་པུའུ་བཅས་དང་མཉམ་དུ་ཁ་རུབ་ཆུས་རུ་བཞི་ཤང་དུ་གཞོན་ནུ་ལོ་ཆུང་ལ་གཅེས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་ནས་ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་རང་སྲུང་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་སྡེ་ཚོགས་གྲོང་ཨུད་ཀྱི་གཞོན་ནུ་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སོགས་མི་12ཀྱིས་ཐུན་མོང་ཐོག་སྤེལ་བ་ཞིག་ཡིན་ཞིང་། རུ་བཞི་ཤང་གི་མི་150ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་དང་། བྱེད་སྒོའི་ཞབས་ཞུ་དེ་རུ་བཞི་ཤང་གི་གདུགས་དཀར་གྲོང་ཚོ་དང་མདའ་རོ་གྲོང་ཚོ་སོགས་གྲོང་ཚོ་མང་པོ་ཞིག་ལ་ཁྱབ་ནས་གཞི་རིམ་གྱི་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་དང་འབྲེལ་གཏུག་གནད་སྨིན་བྱུང་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པས་དུད་ཚང་དུ་བསྐྱོད་དེ་ཐུགས་ཁུར་བྱེད་པར་བརྟེན་ནས། གཞོན་ནུ་ལོ་ཆུང་ལ་སྦྱོང་ཚན་ཟུར་ཁྲིད་དང་ཅི་འཕྲོས་མོལ་འཕྲོས་ཤོད་ཞོར་དུ་རང་ཉིད་སྲུང་སྐྱོང་དང་། སེམས་ཁམས་བདེ་ཐང་། དུག་འགོག་དང་ཨེ་འགོག་བཅས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། ཡིག་ཆས་སོགས་གཅེས་སེམས་མཚོན་པའི་ལག་རྟགས་ཀྱང་སྤྲད་པ་རེད། གཞན་ཡང་ཆེད་དོན་སློབ་ཁྲིད་བྱེད་སྐབས་འགྲིམ་འགྲུལ་བདེ་འཇགས་དང་། བཟའ་བཅའི་བདེ་འཇགས། སློབ་གྲྭའི་བརྙས་བཅོས་དང་ཁ་བསླུས་ཀྱི་སྔོན་འགོག དུག་འགོག་དང་ཨེ་འགོག་ཌ་གཙོ་གནད་ཁྱབ་ཁོངས་ལ་དམིཌ་ནས་སེམས་ཁམས་སྙོམས་སྒྲིག་བྱེད་སྟངས་བསླབས་པ་དང་། 《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་དུས་མཚུངས། 12355གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེཌ་བརྒྱུད། ཕྲུ་གུ་ཚོར་དུས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་དང་ཁེ་དབང་སྲུང་སྐྱོང་བྱེད་ཐབས་མཁོ་འདོན་བྱས་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་དེས་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་གི་དགོས་མཁོ་དངོས་དང་གནད་སྨིན་སྦྲེལ་མཐུད་བྱས་པ་དང་། “དུད་ཚང་དུ་བསྐྱོད་དེ་ཐུགས་ཁུར་དང་། ཁེ་དབང་ཐད་ཀྱི་ཞབས་ཞུ། ཆེད་དོན་སློབ་ཁྲིད་བཅས་ཟུང་དུ་འབྲེལ་བའི”སྡེབ་སྒྲིག་བྱེད་སྟངས་བརྒྱུད། གཞོན་ནུ་ལོ་ཆུང་གི་དགུན་གསེང་རིང་གི་འཚར་ལོངས་ཐད་ཀྱི་དཀའ་གནད་ནུས་ལྡན་བསལ་ཁར། བདེ་འཇགས་འགོག་སྲུང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བས། གཞོན་ནུ་ལོ་ཆུང་ཚོར་གཅེས་སྐྱོང་ཁྲོད་ནས་དྲོ་སྐྱིད་ཚོར་བ་དང་ཕན་ཐོགས་བྱུང་བར་ཁྱིམ་བདག་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།