དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལེ་དབར་ཁྲི་སྟོང་མང་པོ་བརྒལ། ལྟེ་མཐུན་སྒོར་དབྱིབས་མཉམ་དུ་བྲིས།

    —— ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་གྲྭའི་ཕྱི་རོལ་གྱི་ཡུལ་ལྗོངས་ཡིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་ལྕགས་རི་རིང་པོར་ཡུལ་སྐོར་བྱེད་བཞིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་པེ་ཅིང་དུ་ཞིབ་སློབ་ལ་སྐྱོད་རིང་རྒྱལ་སའི་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་སློབ་མ་དང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་པེ་ཅིང་དུ་ཞིབ་སློབ་ལ་སྐྱོད་རིང་པེ་ཅིང་གྲོང་ཁྱེར་ཧྥུང་ཐའེ་ཆུས་ཐའེ་ཕིང་ཆའོ་སློབ་གྲྭའི་སློབ་མ་དང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཞིབ་སློབ་ཚོགས་པའི་སློབ་མ་ཚོས་དབྱི་ཡུན་གྲངས་འཛིན་སྒྱུ་རྩལ་ལྟེ་གནས་སུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་གྲྭའི་ཞིབ་སློབ་ཚོགས་པའི་སློབ་མས་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་དྲངས་ནས་སློབ་མར་སློབ་ཁྲིད་བྱེད་བཞིན་པ།

    འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཞིབ་སློབ་ཚོགས་པའི་སློབ་མས་པེ་ཅིང་གི་ཕོ་བྲང་རྙིང་པར་ཞིབ་སློབ་ཀྱི་བྱེད་སྒོ་སྤེལ་བཞིན་པ།

    2024ལོའི་ཟླ་བ་བརྒྱད་པར། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་བཙུགས་ནས་ལོ་10ཏག་ཏག་འཁོར་ཡོད། 2014ལོའི་ཟླ་8ཚེས་16ཉིན། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྒྲེངས་པའི་དམིགས་བསལ་གྱི་སྐར་ལྔའི་དར་དམར་ཞིག་སྤྱི་ལེ་3000ཙམ་བརྒལ་ནས་གངས་ལྗོངས་ས་མཐོའི་སློབ་གྲྭ་དེའི་མཁའ་དབྱིངས་སུ་བསྒྲེངས་ཤིང་། ཉི་འོད་འོག་ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་གྱིས་སློབ་གྲྭ་དེས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བའི་གསོན་ཉམས་དོད་པའི་ལག་ལེན་ལ་དཔང་པོ་བྱེད་བཞིན་ཡོད།

    2022ལོའི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ནས་2024ལོའི་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་བར་དང་། དེ་ནས་2026ལོའི་ཟླ་བ་དང་པོར། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཁག་བཅུ་གཉིས་པའི”མིང་བཏགས་པའི་བར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་རོགས་སྐྱོར་བྱ་ཡུལ་སློབ་གྲྭ་དེས་ལོ་བཅུ་ཡི་རིང་ཉིན་གཅིག་ལྟར་འབད་བརྩོན་བྱས་པར་མཚན་སྙན་འདི་དག་ཐོབ་ཡོད།

    ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ“ཅིང་བོད་མཉམ་འདྲེས”ཞེས་པའི་སློབ་ཁྲིད་ཀྱི་བོད་སྐྱོར་བྱེད་སྟངས་ཤིག་ཡོད་ཅིང་། བོད་སྐྱོར་དགེ་རྒན་225ཡིས་ཁག་ཐེངས་7རིང་དགེ་རྒན་དང་དགེ་ཕྲུག་གི་རྣམ་པའི་ཐོག་ནས་བརྒྱུད་རོགས་ཁྲིད་ཞིབ་ཀྱི་ཐབས་ལམ་སྤྱད་དེ་པེ་ཅིང་གི་སློབ་གསོའི་འདུ་ཤེས་ས་མཐོའི་སློབ་ཁང་དུ་དར་སྤེལ་བཏང་ཡོད།

    “ངའི་བསམ་པར་དགེ་རྒན་ནི་ས་བོན་འདེབས་མཁན་ཞིག་རེད་སྙམ་གྱི་འདུག”ཅེས་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་དང་ས་ཁམས་དགེ་རྒན་པད་མ་ཆོས་སྐྱིད་ཀྱིས་བརྗོད་ཅིང་། ཁོང་གིས་གསར་འགོད་པར། “ཤེས་བྱ་སློབ་ཞོར་དུ་མི་སྣ་གསོ་སྐྱོང་བྱེད་དགོས། ཕྲུ་གུ་ཚོས་ཆུང་དུས་ནས་ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་ཤེས་སུ་འཇུག་དགོས”ཞེས་བཤད།

    ཅིང་བོད་ས་ཆ་གཉིས་ཀྱི་སྤྲིན་རྩིས་མཉམ་སྦྱོང་གི་དུས་ཐེངས་3གྱི་སློབ་ཚན་ཚོགས་ཐེངས་15ས་ཆ་གཉིས་ཀྱི་སློབ་གྲྭ་13ལ་ཁྱབ་ཡོད་པ་དང་། ཁག་ཐེངས་བདུན་གྱི་རིང་པེ་ཅིང་གི་རིགས་གཅིག་མཁས་ཅན་132ཀྱིས་སློབ་གྲྭར་ཟབ་འཇུག་གིས་ས་གནས་དེ་གའི་དགེ་རྒན་མི་ཐེངས་500ལྷག་ཙམ་ལ་མཛུབ་ཁྲིད་བྱས་ཡོད། རིམ་རྩིས་བརྒྱབ་ན། སློབ་གྲྭས་ཁག་ཐེངས་6གི་རིང་མི་སྣ་500ལྷག་ཙམ་པེ་ཅིང་དུ་གསོ་སྦྱོང་བྱེད་པར་མངགས་ཡོད། གྲངས་ཀ་རེ་རེ་ལས་ཅིང་བོད་ས་ཆ་གཉིས་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་འདྲེས་ཟབ་མོ་བྱུང་བ་དང་མི་རིགས་ཁག་གི་དགེ་རྒན་གྱིས་ཕན་ཚུན་སློབ་སྦྱོང་བྱེད་རིང་ཆགས་པའི་བརྩེ་བ་ཟབ་མོ་མངོན་ཡོད།

    ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་སྐྱོད་སྐབས། བསམ་བློ་ཆབ་སྲིད་ཀྱི་ཁྱམས་རིང་དང་། མི་རིགས་མཐུན་སྒྲིལ་གླིང་། མི་རིགས་སེམས་སྦྲེལ་ཟམ་པ་བཅས་ཀྱི་བཀོད་པ་མི་འདྲ་བ་ཡོད་པ་དང་། སློབ་གྲྭའི་བརྙན་འཕྲིན་ཁང་དང་། བརྗོད་དོན་གཙོ་བོའི་ནག་པང་ཚགས་པར། གློག་རྡུལ་དྲིལ་བསྒྲགས་སྒྲོམ་སྟེགས་བཅས་ཕན་ཚུན་དཔེ་ཟླར་གནས་ཤིང་། “དབྱིངས་ཞུགས་རྣམ་པའི”མི་སྣ་གསོ་སྐྱོང་གི་བར་མཐོངས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སློབ་གྲྭའི་ཕྱོགས་གང་སར་ཁྱབ་པར་བྱས་ཡོད།

    “ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཁྱད་ཆོས་ནི་སྦྲང་ཆར་སིལ་མས་སྐྱེ་དངོས་གསོས་པ་ལྟར་བྱེད་པ་དེ་རེད”ཅེས་སློབ་གཙོ་གཞོན་པ་ཚའོ་ཞའོ་མའེ་ཡིས་བཤད་པ་དང་། ཁོང་གིས། སྦྲང་ཆར་སིལ་མས་སྐྱེ་དངོས་གསོས་པ་ལྟར་བྱེད་པ་དེ་སློབ་གྲྭའི་སློབ་ཚན་རེ་རེ་དང་བྱེད་སྒོ་རེ་རེའི་ནང་ཁྱབ་ཡོད། སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་སློབ་ཚན་ནང་བཅུག་པ་དང་། “དུས་མཚམས་གསུམ་མཉམ་འདྲེས”ཀྱི་སློབ་ཚན་མ་ལག་བཙུགས་པས། ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་མི་སྣ་གསོ་སྐྱོང་བྱེད་སྟངས་ཤིག་ཆགས་ཡོད་ཅེས་བཤད།

    “སློབ་མ་གཅིག་ལ་སློབ་གསོ་བཏང་ནས་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་ཐེབས་པར་བྱེད་ཀྱི་ཡོད” ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་ལོ་བཅུའི་ལག་ལེན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་ཕྲུ་གུ་ཚོའི་སེམས་ཀྱི་ཞིང་སར་བཏབ་ཡོད། ལོ་བཅུ་ནི་དུས་མཚམས་ཤིག་ཡིན་ལ་འགོ་འཛུགས་ས་ཞིག་དེ་བས་ཀྱང་རེད། སྐར་ལྔའི་དར་དམར་སློབ་གྲྭའི་ནང་ལྷབ་ལྷུབ་ཏུ་གཡོ་བའི་དུས་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་ས་མཐོར་གཏིང་ཟབ་པོ་ཚུགས་པའི་སྐབས། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་། འཚར་ལོངས་དང་ཤེས་ལྡན་པར་འགྱུར་བ། དེ་བཞིན“ཁྱིམ་ཚང་གཅིག་ལྟར་བརྩེ་བ”བཅས་ཀྱི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད།

    (པར་ངོས་འདིའི་པར་ཚང་མ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།