“སྒྲུབ་ཐུབ་པ”ནས“ཡག་པོ་སྒྲུབ་ཐུབ་པའི”བར་གྱི་འགྱུར་ལྡོག
ཉེ་བའི་ལོ་ཤས་རིང་། སྟག་རྩེ་ཆུས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཞབས་ཞུའི་ལམ་སྲོལ་དང་། མཁྲེགས་ཆས་བཀོད་སྒྲིག དམངས་ཕན་བྱ་ཐབས་སོགས་ཕྱོགས་མང་པོའི་ཐད་མཐུན་སྦྱོར་ཤུགས་འདོན་བྱས་ཏེ། སྨན་བཅོས་འགན་བཅོལ་ཞབས་ཞུ་དེ“སྒྲུབ་ཐུབ་པ”ནས“མགྱོགས་པོ་སྒྲུབ་པའི”བར་དང་དེ་ནས“ཡག་པོ་སྒྲུབ་ཐུབ་པའི”བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ནས་བློ་ཡིད་ཚིམས་པའི་དམངས་འཚོའི་རྒྱུགས་ལན་ཞིག་ཕུལ་ཡོད།
སྟག་རྩེ་ཆུས་སྨན་བཅོས་འགན་བཅོལ་ཞབས་ཞུའི་ཚོམས་ཆེན་དུ་སྐྱོད་སྐབས། ལས་སྟེགས་གཅིག་ནས་ཀུན་སྒྲུབ་པའི་ལམ་ལུགས་ཀྱི་བརྒྱུད་རིམ་ཁ་གསལ་ལ་ནུས་ཕྱོད་ཆེ་བ་ཞིག་འདུག ཆེད་བཙུགས་ཞབས་ཞུའི་སྐར་ཁུང་2དང་ཆེད་བསྐོས་ལས་མི་3ཞབས་འདེགས་ཞུ་ཡུལ་གྱི་མདུན་ངོས་སུ་ཡོད་པ་དང་ལས་བྱེད་པ་དང་ལས་བཟོའི་རེས་མོས་ལས་རེས་ལམ་སྲོལ་བཟོས་པ་དེས་རྒྱབ་སྟེགས་དོ་དམ་པས་ལས་རིམ་ཧྲིལ་པོ་རྟོགས་ཐུབ་པ་དང་སྦྲགས་སྒྲུབ་གཉེར་ལྷུ་ཚིགས་ལེགས་སུ་གཏོང་ཐུབ་ཀྱི་ཡོད། ལས་སྟེགས་བརྒྱབ་མདུན་གྱི་མཉམ་འགུལ་ལས་ཞབས་ཞུའི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་ཐུབ་ཀྱི་ཡོད། 2025ལོར། ལོ་ཧྲིལ་པོར་བདག་སྤྲོད་བྱས་པའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་འཛིན་ཤོག་600ལྷག་ཙམ་ཚང་མ་དུས་བཀག་ལྟར་ཞིབ་གཅོད་བྱས་པས་མང་ཚོགས་བློ་ཡིད་ཚིམས་ཚད་100%ཟིན་ཡོད་པ་རེད།
མང་ཚོགས་ཀྱི་དགོས་མཁོར་སྣ་ཚོགས་སྐོང་བར་ཞབས་ཞུའི་ནུས་པ་དང་སྤུས་ཚད་གཉིས་ཀ་གལ་ཆེ་མཉམ་འཛིན་བྱེད་དགོས་ཀྱི་ཡོད། ཞབས་ཞུའི་ཚོམས་ཆེན་ནང“མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་ལས་གནས”ཀྱི་མཚོན་རྟགས་དེ་མངོན་གསལ་དོད་ཅིང་། དམིགས་བསལ་ཚོགས་སྤྱིར་ཐོགས་མེད་བགྲོད་ལམ་བཏོད་ཡོད། ཉེ་འགྲམ་དུ་བཙུགས་པའི“ལས་དོན་སྒྲུབ་མི་ཐུབ་པ”གོང་ཞུ་བྱ་ཡུལ་གཞུང་ལས་ཁང་གིས་རྒྱུན་གཏན་ལྟར་དཀའ་གནད་ཆེ་བའི་གནད་དོན་ཆེད་མངགས་ཐག་གཅོད་བྱེད་པ་དང་ཆེད་བསྐོས་མི་སྣས་འགན་ཁུར་ཏེ་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་ཀྱི་ཡོད། 2025ལོར། སྐར་ཁུང་དེས་རིམ་རྩིས་བརྒྱབ་ན་མི་ཐེངས་500ཡི་དོགས་གཞི་བསལ་བ་དང་། དཀའ་གནད་ཆེ་བའི་གནད་དོན་30ལྷག་ཙམ་བདེ་བླག་ངང་ཐག་གཅོད་བྱས་པ། དམིགས་བསལ་གྱི་དགོས་མཁོ་ཡོད་པའི་མི་50ལྷག་ཙམ་ལ་སྣེ་ལེན་ཞུས་ཏེ་ཞབས་ཞུའི་དྲ་རྒྱ་དགོས་མཁོ་ཡོད་པའི་ཚོགས་སྤྱི་ཚང་མར་ཁྱབ་ཐུབ་པར་བྱས་ཡོད།
སྟག་རྩེ་ཆུས་ཀྱིས“དཔྱད་གཞི་ཉུང་ཤོས་དང་། བརྒྱུད་རིམ་སྟབས་བདེ་ཤོས། དུས་ཚོད་ཐུང་ཤོས། ཞབས་ཞུ་ལེགས་ཤོས”བཅས་དམིགས་ཚད་དུ་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་སྲིད་དོན་ཞབས་ཞུའི་དོན་ཚན་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་དང་སྟབས་བདེ་རུ་བཏང་བ་དང་། ལྷུ་ཚིགས་བསྡུ་སྒྲིལ་དང་དུས་ཚོད་ཐུང་དུ་བཏང་བ་བརྒྱུད། ལས་སྒོ་དེ“འཕྲལ་མར་གཉེར་བ་དང་། དྲ་ཐོག་ནས་གཉེར་བ། ཐག་ཉེ་ས་ནས་གཉེར་བ། ཐེངས་གཅིག་ལ་གཉེར་བ”བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ཡོད། མིག་སྔར། ཞབས་ཞུ་ཁག་26གི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཐུབ་པ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དྲ་རྒྱར་བརྟེན་ནས་གཤམ་འོག་ཏུ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་ཐོག་གཞི་གྲངས་མང་ཙམ་སྤྱད་དེ་མང་ཚོགས་འགྲོ་སྐྱོད་བྱེད་ཉུང་དུ་བཏང་ཡོད།
སྐར་ཁུང་ལ་ལེགས་བཅོས་ཅུང་ཟད་བྱས་པ་ནས་མ་ལག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བའི་བར་དང་། དྲ་ཕྱིའི་ཞབས་ཞུ་ནས་དྲ་ཐོག་ལས་དོན་སྒྲུབ་པའི་བར་སྟབས་བདེ་རུ་དང་རྒྱ་སྐྱེད་དེ་སྟག་རྩེ་ཆུས་ཀྱིས་བྱ་ཐབས་ཏན་ཏིག་རབ་དང་རིམ་པ་སྤྱད་དེ“ཚད་ལྡན་དང་། འགན་ལེན། མཐོར་གཏོང”བཅས་ཀྱི་དམིགས་ཚད་དེ་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་པར་འགྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།