གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི
དུས་ཚིགས་དང་པོར་ཞིང་འབྲོག་པའི་འབབ་འཕར་ལ“འགོ་ཚུགས་བཀྲ་ཤིས”བྱུང་བ།
ད་ལོ་ཚུན། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གིས་ཞིང་འབྲོག་པར་འབབ་འཕར་ཡོང་བའི་ལྟེ་བའི་ལས་འགན་ལ་དམ་པོར་དམིཌ་ཏེ། སྔ་ཙམ་ཇུས་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་དུས་ཚིགས་དང་པོར་ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་བློ་ཡིད་ཚིམ་པའི་གྲུབ་འབྲས་བཟང་པོ་ཐོབ་སྟེ། དུས་ཚིགས་དང་པོར“འགོ་ཚུགས་བཀྲ་ཤིས”བྱུང་ཡོད་པ་རེད།
ལས་ཞུགས་རྒྱ་ཆེར་བཏང་བས་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་ཞིང་། དུས་ཚིགས་དང་པོར་རྫོང་ཡོངས་སུ་ཞིང་འབྲོག་པ་མི་གྲངས་4632ལས་ཞུགས་གཞན་སྒྱུར་བྱུང་ནས་ཡོང་འབབ་སྒོར་ཁྲི་6645ཟིན་པའི་ནང་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་ས་གནས་དེ་གའི་ལས་མི་སྤྱོད་ཚད་60%ནས་80%བར་ཟིན་ནས་མི་391ལས་ཞུགས་ཐུབ་པ་དང་ཡོང་འབབ་སྒོར་ཁྲི་194.23བྱུང་བ་མ་ཟད། མཉམ་ལས་ཁང་དང་དེ་བཞིན་སྣེ་འདྲེན་ཁེ་ལས་ཀྱིས་མི་ཐེངས་571ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པར་ཡོང་འབབ་སྒོར་ཁྲི་425.11བྱུང་ཡོད་པ་རེད།
ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཞིང་འབྲོག་པར་གསོན་ཤུགས་གསར་པ་འཕེལ་བར་བྱས་ཤིང་། འབྲོག་ལས་ཐད་དུས་ཚིགས་དང་པོར་ཕྱུགས་རིགས་མགོ་གྲངས་6293བཤས་བཏང་བར་བཤས་གཏོང་ཁ་གསབ་སྒོར་ཁྲི་29.11བྱུང་ཡོད། འདེབས་འཛུགས་ལས་རིགས་ཐད་སོན་བཟང་རྒྱ་མ་ཁྲི་41.2སྤྱད་ནས་སོན་ཞིང་མུའུ་2000བཏབ་པ་དང་། དྲོད་ཁང་ཆེན་པོ་102ཚང་མ་སྤྱོད་འགོ་ཚུགས་ནས་སྔོ་ཚལ་ཐོན་འབབ་ཏུན་18.93ཟིན་ཡོད་པ་རེད།
རིག་གནས་ཡུལ་སྐོར་མཉམ་འདྲེས་ཐད་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་ཞིང་། དུས་ཚིགས་དང་པོར་རྫོང་དེ་ཡོངས་ཀྱི་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་330.77ཟིན་པ་དེ་དུས་མཚུངས་ལས་16%འཕར་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་རིན་ཐང་སྒོར་ཁྲི་1787.87ཟིན་ནས“སྣེ་འདྲེན་ཁེ་ལས+མཉམ་ལས་ཁང+གླིང་ཁུལ”བཅས་ཟུང་འབྲེལ་བྱེད་སྟངས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།