དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་འབྲི་ཏ་ས་འཛིན་གྱི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁར་གྲལ་བཤེར་བྱས་པ།

    འཐེན་བཤེར་བྱས་པའི་དངོས་དཔེ་ཚང་མ་ཚད་ལོན་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    ད་ལོའི་“3•15”ཡི་མཚན་ཚོགས་ཐོག་འབྲི་ཏ་ས་འཛིན་སྐམ་པོའི་སྤུས་ཚད་བདེ་འཇགས་ཀྱི་གནད་དོན་དམར་འདོན་བྱས་རྗེས། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲི་ཏ་ས་འཛིན་གྱི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁར་གྲལ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་བ་རེད། ཕྱོགས་ཡོངས་ནས་འཐེན་བཤེར་བྱས་པ་བརྒྱུད། འབྲི་ཏ་ས་འཛིན་གྱི་དངོས་དཔེ་ཚང་མ་ཚད་ལོན་ཡིན་པ་དང་མི་ཞུ་བའི་ལྕགས་རིགས་ཁད་དང་དེ་བཞིན་ཞིང་སྨན་ལྷག་རོ་ཚད་ལས་བརྒལ་བའི་གནད་དོན་ཐོན་མེད་པ་རེད། གྲལ་བཤེར་བྱས་ཚུན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཞིང་། གཟའ་འཁོར་དང་པོར་གྲོང་ཁྱེར་དང་ས་ཁུལ་ཁག་གིས་འབྲི་ཏ་ས་འཛིན་འདེབས་འཛུགས་ས་ཚིགས་26ལ་བསྐྱོད་དེ་འཐེན་བཤེར་ཐེངས་69བྱས་པ་དང་། གཟའ་འཁོར་གཉིས་པར་འབྲི་ཏ་ས་འཛིན་འདེབས་འཛུགས་ས་ཚིགས་17ལ་བསྐྱོད་དེ་འཐེན་བཤེར་ཐེངས་22བྱས་པ་རེད། འབྲི་ཏ་ས་འཛིན་འདེབས་འཛུགས་ཀྱི་གཙོ་གནད་ས་ཁོངས་ཡིན་པའི་ལྷ་ས་གྲོང་ཁྱེར་ལ་དམིགས་ནས། ཆེད་མངགས་ལྟ་སྡོམ་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་མལ་གྲོ་གུང་དཀར་རྫོང་དང་། སྟག་རྩེ་ཆུས། ཆུ་ཤུར་རྫོང་བཅས་ཀྱི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་དང་དེ་བཞིན་འཐོག་འཐུ་གླིང་དུ་བསྐྱོད་དེ་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་། རིམ་རྩིས་བརྒྱབ་ན་འབྲི་ཏ་ས་འཛིན་གྱི་མ་དཔེ་ཐེངས་37འཐེན་བཤེར་བྱས་ནས་གཙོ་གནད་ས་ཁོངས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྔར་བས་ནན་དུ་བཏང་བ་དང་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་དངོས་ཆེ་རུ་བཏང་བ་རེད། ཆེད་ལས་སྒྲིག་གཞིས་ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད། ད་ཐེངས་གྲལ་བཤེར་བྱས་པའི་དངོས་དཔེ་ཚང་མ་སྤུས་ཚད་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།