དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་རང་རྒྱལ་དུ་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཚད་སྒོར་དུང་ཕྱུར་ཁྲི་15ཙམ་འཕར་བ།

    ཡིད་རྟོན་དངུལ་བུན་གྱིས་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ལེགས་སུ་འགྲོ་བར་རྒྱབ་སྐྱོར་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-16

    ཚེས་13ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་དངུལ་རྩའི་བསྡོམས་རྩིས་གྲངས་གཞིའི་སྙན་ཞུ་ལས་མངོན་པར་གཞིགས་ན། དུས་ཚིགས་དང་པོར། རང་རྒྱལ་དུ་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་14.83ཟིན་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཅུང་མཐོ་བའི་ཆུ་ཚད་དུ་སླེབས་ཡོད། ཟླ་བ་གསུམ་པའི་ཟླ་མཇུག་བར། རང་རྒྱལ་གྱི་ཁྱབ་ཆེའི་དངུལ་ལོར(M2)གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་353.86ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཏེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཚད་ཀྱི་གསོག་འབོར་སྒོར་དུང་ཕྱུར་ཁྲི་456.46ཟིན་པ་དེ་དུས་མཚུངས་ལས་7.9%འཕར་ནས་དཔལ་འབྱོར་འཕར་བ་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་ཚད་དང་མཉམ་གྱི་ཡོད། M2དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཚད་ཀྱི་འཕར་ཚད་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་ནས། དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འོས་འཚམ་གྱི་དངུལ་ལོར་དངུལ་རྩའི་ཁོར་ཡུག་ཅིག་བཏོད་ཡོད།

    གྲངས་གཞི་ལས་མངོན་པར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་དངུལ་བུན་གཞི་ཁྱོན་ལུགས་མཐུན་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོར་མི་དམངས་ཤོག་སྒོར་གྱི་དངུལ་བུན་འཕར་ཚད་སྒོར་དུང་ཕྱུར་ཁྲི་8.6ཟིན་པ་དང་། ཟླ་བ་གསུམ་པའི་ཟླ་མཇུག་བར། མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་280.51ཟིན་པ་དེ་དུས་མཚུངས་ལས་5.7%འཕར་ཡོད། གྲུབ་ཆའི་ཆ་ནས་བལྟས་ཚེ། ཀུན་ཕན་འབོར་ཉུང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་38.38ཟིན་པ་དེ་དུས་མཚུངས་ལས་10.3%འཕར་བ་དང་། ས་ཁང་ཐོན་ལས་ཚུད་མེད་པའི་ཞབས་ཞུའི་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་61.39ཟིན་པ་དེ་དུས་མཚུངས་ལས་9.9%འཕར་བ་བཅས་གོང་གསལ་གྱི་དངུལ་བུན་འཕར་ཚད་ཚང་མ་དུས་མཚུངས་ཀྱི་དངུལ་བུན་འཕར་ཚད་ཁག་ལས་མཐོ་བ་ཡོད་པ་རེད།

    དེ་དང་ཆབས་ཅིག དངུལ་བུན་སྐྱེད་ཚད་ལོ་རྒྱུས་ཀྱི་ཆུ་ཚད་དམའ་པོ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་གསུམ་པར་ཁེ་ལས་ཀྱིས་སླར་ཡང་བཏང་བའི་དངུལ་བུན(རང་དངུལ་དང་ཕྱི་དངུལ)རྩིས་བསྐོར་གྱི་ཆ་སྙོམས་སྐྱེད་ཚད་3.1%ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་གནས་25ཙམ་གྱིས་དམའ་བ་ཡོད། སླར་ཡང་བཏང་བའི་མི་སྒེར་གྱི་སྡོད་ཁང་གི་དངུལ་བུན(རང་དངུལ་དང་ཕྱི་དངུལ)རྩིས་བསྐོར་གྱི་ཆ་སྙོམས་སྐྱེད་ཚད་3.1%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་གནས་6ཙམ་གྱིས་དམའ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།