དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བརྡ་ཐོ་བཀྲམ་ནས།

    དྲ་རྒྱའི་ཟོག་འདྲེན་ལས་སྟེགས་ཀྱིས་སྣུམ་རིན་དང་བདལ་གླ་མཐུན་སྦྱོར་ལེགས་སྒྲིག་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-16

    ཉིན་ཤས་གོང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས《དྲ་རྒྱའི་ཟོག་འདྲེན་ལས་སྟེགས་ཀྱིས་སྣུམ་རིན་དང་བདལ་གླ་མཐུན་སྦྱོར་ལེགས་སྒྲིག་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། སྣུམ་རིན་འགྱུར་ལྡོག་དེ་འགྲོ་ལམ་ཟོག་འདྲེན་གྱི་རིན་གོང་ལ་གོ་རིམ་ལྡན་པའི་བརྒྱུད་འདྲེན་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱས་ནས་ཟོག་འཁོར་ཁ་ལོ་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

    བརྡ་ཐོའི་ནང་བཏོན་དོན། མ་ལམ་གྱི་ཟོག་འདྲེན་ལས་སྒོ་གཉེར་མཁན་གྱི་མཚམས་སྦྱོར་ལས་སྟེགས་ཀྱིས་ལེགས་སྒྲིག་བྱེད་དགོས་པའི་བདལ་གླའི་ནང་གྲོས་འགོའི་རིན་གོང(དཔྱད་གཞིའི་རིན་གོང)དང་། བཀག་སྡོམ་རིན་གོང་དམའ་ཤོས་སོགས་ཚུད་ཡོད། མ་ལམ་གྱི་ཟོག་འདྲེན་ལས་སྒོ་གཉེར་མཁན་སྐྱེལ་འདྲེན་ལས་སྟེགས་ཀྱིས་ལེགས་སྒྲིག་བྱེད་དགོས་པའི་བདལ་གླ་ཞེས་པ་ནི་དངོས་སུ་སྐྱེལ་འདྲེན་བྱེད་མིའི་ཉོ་ཚོང་རིན་གོང་ལ་གོ་དགོས། གྲོང་ཁྱེར་གཅིག་པའི་དབར་ཟོག་འདྲེན་གྱི་ལས་སྒོ་གཉེར་མཁན་གྱི་མཚམས་སྦྱོར་ལས་སྟེགས་ཀྱིས་ལེགས་སྒྲིག་བྱེད་དགོས་པའི་བདལ་གླའི་ནང་འགོ་ཚུགས་བདལ་གླ(གཞི་རྩའི་བདལ་གླ)དང་ས་མཚམས་བགོས་པའི་བདལ་གླ(ལམ་ཐག་གི་བདལ་གླ)སོགས་ཚུད་ཡོད།

    བརྡ་ཐོའི་ནང་ཁ་གསལ་བཏོན་དོན། མ་ལམ་གྱི་ཟོག་འདྲེན་ལས་སྒོ་གཉེར་མཁན་གྱི་མཚམས་སྦྱོར་ལས་སྟེགས་དང་སྐྱེལ་འདྲེན་ལས་སྟེགས་ཀྱི་བདལ་གླ་ལེགས་སྒྲིག་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་འཚོང་རིན་གོང་མཐོ་ཤོས་ཀྱི་སྙོམས་ཐང(ཞིང་ཆེན་རེར་གོང་ཚད་རེ་ལག་བསྟར་བྱེད་པའི་ས་ཁུལ་གྱི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་འཚོང་རིན་གོང་མཐོ་ཤོས་ཀྱི་རྩིས་འགྲོའི་ཆ་སྙོམས་ལ་གཞིགས་ནས་རྩིས་བརྒྱབ་པ)གི་འགྱུར་ལྡོག་ལ་གཞིགས་ནས་མཐུན་སྦྱོར་བྱེད་དགོས། གྲོང་ཁྱེར་གཅིག་པའི་དབར་ཟོག་འདྲེན་གྱི་ལས་སྒོ་གཉེར་མཁན་གྱི་མཚམས་སྦྱོར་ལས་སྟེགས་ཀྱི་བདལ་གླ་ལེགས་སྒྲིག་བྱ་རྒྱུ་དེ་ལས་སྒོ་གཉེར་མཁན་གྲོང་ཁྱེར་གྱི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་འཚོང་རིན་གོང་མཐོ་ཤོས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་མཐུན་སྦྱོར་བྱེད་དགོས།

    བརྡ་ཐོ་ལྟར་ན། ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་དོ་དམ་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་གྱི་དྲ་རྒྱའི་ཟོག་འདྲེན་ལས་སྟེགས་ལ་མཛུབ་ཁྲིད་བྱས་ཏེ། ཟླ་རེར་བདལ་གླ་དང་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་འཚོང་རིན་གོང་མཐོ་ཤོས་མཐུན་སྦྱོར་ལེགས་སྒྲིག་བྱེད་དགོས། བདལ་གླ་ལེགས་སྒྲིག་བྱ་རྒྱུ་དེ་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་འཚོང་རིན་གོང་མཐོ་ཤོས་ཀྱི་ཟླ་རེའི་རིམ་རྩིས་བརྒྱབ་པའི་ལེགས་སྒྲིག་བསྡུར་གྲངས་རྨང་གཞིར་བྱས་ཏེ་སྐྱེལ་འདྲེན་གྱི་འགྲོ་སོང་བསྡོམས་འབོར་ཁྲོད་ཀྱི་འགྲོ་སོང་ཁག་དང་དེ་བཞིན་འོས་མཚམས་ཀྱི་ཁེ་བཟང་སོགས་ཀྱི་གྲུབ་ཚུལ་གཏན་འཁེལ་བྱེད་པར་བསམ་བློ་གཏོང་དགོས། ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་དོ་དམ་སྡེ་ཚན་ཁག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲ་རྒྱའི་ཟོག་འདྲེན་ལས་སྟེགས་ལ་རིན་གོང་གསལ་འགོད་བྱེད་པར་མཛུབ་ཁྲིད་བྱས་ནས། མ་གནས་ལས་དམའ་བའི་བདལ་གླ་ཡོངས་བསྒྲགས་བྱ་རྒྱུ་གཏན་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།