དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིང་ཞའི་གསར་ཐོན་ནུས་གསོག་གི་དྲ་སྦྲེལ་གཞི་ཁྱོན་ཆན་ཝ་ཁྲི་800ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-16

    འདི་ནི་དྲ་སྦྲེལ་འཁོར་རྒྱུག་བྱས་རྗེས་ཀྱི་ཡན་ཀྲོའུ་ནུས་གསོག་གློག་ཁང་གཉིས་པ་ཡིན་པ།

     ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲི་རྫོང་དུ་གནས་པའི་ཡན་ཀྲོའུ་ནུས་གསོག་གློག་ཁང་གཉིས་པ་ཉིན་ཤས་གོང་དྲ་སྦྲེལ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དེ་ཐོག་ནས་ཉིང་ཞའི་གསར་ཐོན་ནུས་གསོག་གི་དྲ་སྦྲེལ་གཞི་ཁྱོན་ཆན་ཝ་ཁྲི་800ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མཚོན་གྱི་ཡོད།

    ཉིང་ཞ་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཞིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3158.3འཕར་བ་དང་2025ལོའི་ལོ་མཇུག་བར་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་ཆན་ཝ་ཁྲི་5732ཟིན་ནས་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་བསྡུར་ཚད་65.5%ཟིན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ནུས་གསོག་ལག་རྩལ་དཔེ་གསར་དེ་ནུས་རྒྱུ་གསར་པའི་གློག་ཁུངས་གཞི་ཁྱོན་ཆེན་པོས་སྦྲེལ་མཐུད་བྱེད་པར་ཁ་གཏད་གཅོག་པ་དང་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་ལ་རམ་འདེགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ས་གནས་དེས་ནུས་གསོག་དྲ་སྦྲེལ་གྱི་ལག་རྩལ་འགག་སྒོ་དང་བདེ་འཇགས་འགག་སྒོ་ནན་པོར་བསྲུངས་ནས་ནུས་གསོག་བཀོད་གཏོང་གི་སྒྲིག་སྲོལ་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ནུས་གསོག་བཀོད་གཏོང་བཀོལ་སྤྱོད་ཀྱི་ཐབས་ཇུས་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་ནུས་གསོག་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་བེད་སྤྱོད་ཐུབ་པར་འགན་ལེན་བྱས་ཏེ། ཉིང་ཞའི་ནུས་རྒྱུ་གསར་པ་སྤྱོད་ཚད་ལོ་མང་བསྟུད་མར་96%ཟིན་པར་འགན་ལེན་བྱས་ཡོད།

    འཆར་འགོད་གཞིར་བཟུང་། 2030ལོར་སླེབས་སྐབས་ཉིང་ཞའི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་ནས“ལོ་ལྔ་ཚན་བཅུ་བཞི་པ”ལས་ལྡབ་གཅིག་འཕར་བ་དང་། གསར་ཐོན་ནུས་གསོག་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2000ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།