དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དུས་ཚིགས་དང་པོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས(ལེན་ཡུན་ཀང་གྲུ་ཁ)རྒྱལ་སྤྱིའི་ཟོག་འགྲུལ་གླིང་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་དུས་མཚུངས་ལས་14.34%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-16

    འདི་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས(ལེན་ཡུན་ཀང་གྲུ་ཁ)རྒྱལ་སྤྱིའི་ཟོག་འགྲུལ་གླིང་དུ་བཞག་པའི་དོས་སྒམ་ཡིན་པ།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས(ལེན་ཡུན་ཀང་གྲུ་ཁ)རྒྱལ་སྤྱིའི་ཟོག་འགྲུལ་གླིང་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་དངོས་ཟོག་ཕྱིར་གཏོང་རྟེན་གཞིའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། རྒྱལ་སྤྱིའི་ཟོག་འགྲུལ་བགྲོད་ལམ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་བཞིན་ཡོད་ཅིང་། དབོར་འདྲེན་བྱེད་པའི་དངོས་ཟོག་ནང་རླངས་འཁོར་གྱི་ལྷུ་ལག་དང་། འོད་ཤུགས་ལྷུ་ལག འཕྲུལ་ཆས་ཀྱི་སྒྲིག་ཆས། ཉེར་མཁོའི་བརྒྱ་ཟོག རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ་སོགས་རིགས་14དང་སྣ་ཁ་བརྒྱ་ལྷག་ཙམ་ཡོད་ཅིང་། དེ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་མངོན་པ་དང་ཟོག་འགྲུལ་དམིགས་ཚད་ཆེས་ཆེར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་མཚོན་ཡོད། ད་ལོའི་དུས་ཚིགས་དང་པོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས(ལེན་ཡུན་ཀང་གྲུ་ཁ)རྒྱལ་སྤྱིའི་ཟོག་འགྲུལ་གླིང་ནས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་ཁྲི་2184.28དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་14.34%འཕར་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།