དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རྨོ་ཞིང་གི་སྤུས་ཚད་བརྟན་ཁྲོད་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-16

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་རྨོ་ཞིང་སྲུང་སྐྱོང་དང་ས་རྒྱུ་གཤིན་ཚད་མཐོར་གཏོང་གི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རྨོ་ཞིང་ས་རྒྱུའི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་འགྲོ་ཚུལ་མངོན་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་རྨོ་ཞིང་གི་སྐྱེ་ལྡན་རྫས་ལུད་ཆ་སྙོམས་འདུས་ཚད་ས་དཔྱད་ལུད་སྦྱོར་གྱི་ལུད་རྒྱག་པའི་ཐོག་མའི་དུས་ལས་26%ལྷག་ཙམ་འཕར་ནས་ས་མཐོའི་ཞིང་ཁ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    རྒྱལ་ཁབ་ཀྱིས་རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་གཏོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཏེ་བོད་རང་སྐྱོང་ལྗོངས་ཀྱི་རྨོ་ཞིང་གི་ས་རྒྱུ་གཤིན་ཚད་མཐོ་རུ་འགྲོ་བར་མཛུབ་ཁྲིད་བརྟན་པོ་བྱས་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་མཛུབ་ཁྲིད་ལ་བརྟེན་ནས་བོད་ལྗོངས་ཀྱིས་ས་དཔྱད་ལུད་སྦྱོར་གྱི་ལུད་རྒྱག་པ་དང་། སོག་མ་ཞིང་ལུད་དུ་གཏོར་བ། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་སོགས་ས་རྒྱུ་གཤིན་འགྱུར་དང་ལེགས་བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་རྨོ་ཞིང་ས་རྒྱུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཐེངས་འདིའི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་བྱས་འབྲས་ལས་མངོན་པར། རྨོ་ཞིང་ས་རྒྱུའི་སྐྱེ་ལྡན་རྫས་ལུད་འདུས་ཚད་ཀྱི་སྙོམས་ཐང་སྟོང་ཁེ་རེར་ཁེ་30.71ཟིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར། རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ཀྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་380.29དང་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་115ཟིན་པ་དེ་ས་དཔྱད་ལུད་སྦྱོར་གྱི་ལུད་རྒྱག་སྐབས་ཀྱི་མུའུ་རེའི་ཐོན་ཚད་ལས་8%འཕར་བ་དང་ཐོན་འབབ་བསྡོམས་འབོར་23%འཕར་ཡོད།

    བོད་རང་སྐྱོང་ལྗོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་རིགས་གཅིག་མཁས་ཅན་གྱིས། བོད་ཀྱི་རྨོ་ཞིང་ས་རྒྱུའི་སྤུས་ཚད་དང་སྐྱེ་ལྡན་ལུད་མགྱོགས་མྱུར་འཕར་བ་དེ་ནི་སྲུང་སྐྱོང་རང་བཞིན་གྱི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་དོན་ཐོག་ཏུ་འཁྱོལ་བའི་མིག་མཐོང་ལག་ཟིན་གྱི་འབྲས་བུ་ཞིག་ཡིན་ལ། ས་མཐོའི་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། རྗེས་སུ་རྨོ་ཞིང་ས་རྒྱུ་ལེགས་བཅོས་བྱེད་པར་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་མི་འདྲ་བའི་ས་རྒྱུའི་ཁྱད་ཆོས་ལ་གཞིགས་ཏེ་ཁྱད་པར་ཅན་གྱི་མཐོར་གཏོང་བྱ་ཐབས་ལག་བསྟར་བྱས་ནས་རྨོ་ཞིང་གི་སྤུས་ཚད་གནད་སྨིན་ཤུགས་འདོན་གྱིས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།