བོད་ཀྱི་དང་བླངས་པ་གཉིས་ཀྱིས་ཁྲག་ཕུང་ཨ་མ་ཞལ་འདེབས་ཕུལ་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་སྒྲིག་འཛུགས་འོག་བོད་ནས་ཡོང་བའི་ཁྲག་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་དང་བླངས་པ་གཉིས་ཀྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་སུ་ཁྲག་ཕུང་ཨ་མ་ཞལ་འདེབས་ཕུལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དང་བླངས་པ་གཉིས་ཀར་གདམ་སྒྲུག་ནན་པོ་བྱས་ཤིང་། ཞལ་འདེབས་རྒྱག་པའི་བརྒྱུད་རིམ་བདེ་འཇགས་དང་ནུས་ཆེ་ཡོང་བར་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་སྔ་སྣུར་ནས་དེའི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཏེ། སེམས་གསོ་དང་འཚོ་བར་འགན་ལེན་ཡག་པོ་བྱས་པས། དང་བླངས་པའི་སེམས་ཁྲལ་བསལ་ཏེ་ཁྲག་ཕུང་ཨ་མ་ཞལ་འདེབས་བདེ་བླག་འབུལ་བར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་རེད།
མིག་སྔའི་བར། ཀྲུང་ཧྭ་རྐང་མར་མཛོད་ནང་ཞུགས་པའི་བོད་ཀྱི་དང་བླངས་པའི་མི་གྲངས་བརྟན་པོ་འཕར་བར་རིམ་རྩིས་བརྒྱབ་ན་ཞལ་འདེབས་འབུལ་མཁན་26བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།