དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལས་གནས་རྒྱ་སྐྱེད་བཏང་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-16

    འདི་ནི་བོད་ལྗོངས་ཏཱ་ཀྲའོ་གནས་ཆུ་ཁེ་ལས་ཚད་ཡོད་ཀུང་སིའི་ལས་མིས་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

    བོད་ལྗོངས་ཏཱ་ཀྲའོ་གནས་ཆུ་ཁེ་ལས་ཚད་ཡོད་ཀུང་སི་ནི་བོད་ཀྱི་སྤུས་ཚད་མཐོ་བའི་རང་བྱུང་འཐུང་ཆུ་གསར་སྤེལ་དང་། ཐོན་སྐྱེད། གཉེར་སྐྱོང་བཅས་ཀྱི་ལས་ལ་གཞོལ་བའི་ཁེ་ལས་ཤིག་རེད། ཀུང་སི་དེས“ཀུང་སི་དང་། མཉམ་ལས་ཁང་། ཞིང་འབྲོག་དུད་ཚང”བཅས་ཟུང་འབྲེལ་བྱེད་པའི་དཔེ་དབྱིབས་གསར་གཏོད་བྱས་ཏེ། ལས་ཞུགས་ལས་གནས་20ཙམ་གསར་སྤེལ་བྱས་ནས་ཞིང་འབྲོག་པ་28ལས་ཞུགས་བརྟན་པོ་ཡོང་བར་རམ་འདེགས་བྱས་པ་དང་། ཡུན་རིང་ལས་ཞུགས་བརྟན་པོ་ཐུབ་ཚད་60%ཟིན་ནས་མང་ཚོགས་ཐག་ཉེ་སར་ལས་ཞུགས་བྱེད་པའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་ཞུགས་ཐུབ་པའི་མང་ཚོགས་ཀྱི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།