དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་ཆེད་བསྐོས་ཕོ་ཉས་བརྗོད་དོན།

    ནུས་རྒྱུའི་ཉམས་ཉེན་གྱིས་ནུས་རྒྱུ་ཕྱོགས་སྒྱུར་མགྱོགས་སུ་བཏང་བས་ཀྲུང་གོའི་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་རམ་འདེགས་བྱེད་ཐུབ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཝི་ཨེན་ནའི་རྒྱལ་སྤྱིའི་ནུས་རྒྱུ་དང་གནམ་གཤིས་གླེང་སྟེགས་འགོ་ཚུགས་ཤིང་། ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་ལིའུ་ཀྲེན་མིང་གླེང་སྟེགས་ལ་ཞུགས་རིང་། ཁོང་གིས། མིག་སྔར་གོ་ལ་ཧྲིལ་པོར་འཕྲད་པའི་ནུས་རྒྱུའི་ཉམས་ཉེན་ལས་སྲོལ་རྒྱུན་གྱི་འགྱུར་རྡོའི་ནུས་རྒྱུ་ནང་འདྲེན་ལ་བརྟེན་དྲགས་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་སླར་ཡང་གསལ་བཤད་ཐུབ་ཡོད། རྒྱལ་ཁབ་ཁག་གིས་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་ལ་བསྐྱར་དུ་ཞིབ་ལྟ་བྱས་ནས་ནུས་རྒྱུ་ཕྱོགས་སྒྱུར་མགྱོགས་སུ་གཏོང་དགོས། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལས་མངོན་པར། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་དང་མཉེན་ཆ་ཆེ་རུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད་ཅེས་བརྗོད།

    ལིའུ་ཀྲེན་མིང་གིས་དུས་ཐུང་ནས་བལྟས་ཚེ་ནུས་རྒྱུའི་ཉམས་ཉེན་གྱིས་རྒྱལ་ཁབ་མང་པོའི་དཔལ་འབྱོར་འཕར་ཚད་འགོར་དུ་འགྲོ་སྲིད། འོན་ཀྱང་ཕུགས་ལ་བལྟས་ཚེ། དོན་རྐྱེན་དེས་རྒྱལ་ཁབ་ཁག་ལ་འབྱུང་ཁུངས་དང་རིགས་རྐྱང་པའི་ནང་འདྲེན་ནུས་རྒྱུར་བརྟེན་དྲགས་མི་རུང་བའི་དྲན་སྐུལ་བྱས་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྒྲིག་གཞི་དང་དེ་བཞིན་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གཉིས་དང་། ཕྱོགས་གསུམ། དེ་བཞིན་ཕྱོགས་མང་མཉམ་ལས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ནུས་རྒྱུའི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་འདོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།