དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝེ་ཐེ་ནམ་གྱི་གཞོན་ནུ་ལོ་ཆུང་200ཡིས་ཀྲུང་གོར་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་ཡོང་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་པའི“ཐོག་མའི་བསམ་འདུན་མི་བརྗེད་པའི”ཞིབ་འཇུག་སློབ་སྦྱོང་གི་སྒར་སའི་བྱེད་སྒོ་ཟླ་4ཚེས་11ནས་ཚེས་18ཉིན་བར་པེ་ཅིང་དང་ཀོང་ཀྲོའུ་རུ་གཉེར་བ་དང་། ཝེ་ཐེ་ནམ་གྱི་ལས་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་འཐུས་མི་200ཀྲུང་གོར་ཞིབ་འཇུག་སློབ་སྦྱོང་བྱེད་པར་ཡོང་ཡོད།

    ཞིབ་འཇུག་སློབ་མའི་སྒར་ས་ཡིས“གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཀྲུང་གོར་སྡོད་རིང་ཝེ་ཐེ་ནམ་གྱི་གཞོན་ནུ་ལོ་ཆུང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དང་། སྡེ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་དྲན་གསོ་ཁང་། ཝེ་ཐེ་ནམ་གྱི་གཞོན་ནུ་གསར་བརྗེའི་བློ་མཐུན་གྱི་ཚོགས་འདུ་འཚོག་ཡུལ་རྙིང་པ་སོགས་གསར་བརྗེའི་ལོ་རྒྱུས་སློབ་ཁྲིད་ཀྱི་ས་ཚིགས་སུ་བསྐྱོད་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་ས་བོན་བཙལ་དང་འཚོལ་མུས་ཡིན་པ་དང་། གྲོང་ཚོ་དང་། ཐོན་ལས་གླིང་། ཚན་རྩལ་ཁེ་ལས་སོགས་སུ་བསྐྱོད་དེ་ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་ཚོར་བར་བྱེད་པ་མ་ཟད། ལྕགས་རི་རིང་པོ་དང་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་སོགས་རིག་གནས་ཤུལ་བཞག་ལ་ལྟ་སྐོར་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་དང་བྱེད་མུས་རེད་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་ལོ་ཆུང་གིས་ད་དུང་ཆེད་དོན་འཆད་ཁྲིད་དང་། བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོ། དཔེ་ཀློག་མཉམ་སྤྱོད་འདུ་ཚོགས། གཞོན་ནུའི་གཏམ་བཤད་ཚོགས་འདུ། གླེང་མོལ་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། ཕུགས་བསམ་དད་སེམས་ཀྱི་སློབ་གསོ། རིག་གནས་རྒྱུན་འཛིན་དང་གསར་གཏོད། དཔལ་འབྱོར་མཉམ་ལས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཆེད་དོན་བགྲོ་གླེང་བྱ་རྒྱུ་རེད།

    ཤེས་རྟོཌ་བྱུང་བར་གཞིཌ་ན། 2025ལོའི་ཟླ་བ་ལྔ་པ་ནས་2026ལོའི་ཟླ་བ་གསུམ་པའི་བར་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་པའི་རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)10རུ་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་གི་སྒར་སའི་བྱེད་སྒོ་ཐེངས་8གཉེར་བར་རིམ་རྩིས་བརྒྱབ་ན་ཝེ་ཐེ་ནམ་གྱི་གཞོན་ནུ་ལོ་ཆུང་1000ལྷག་ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།