དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་མཐོ་གསར་ཁུལ་གྱི་སྤྱི་འབོར་179ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-15

    གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་གཉིས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོ་པེ་ཞུང་ཨན་མཐོ་གསར་ཁུལ་དེ་ཉིད་རྒྱལ་ཁབ་མཐོ་གསར་ཁུལ་དུ་རིམ་སྤོར་བྱ་རྒྱུའི་མཆན་བཀོད་བཀའ་ལན་ཐོབ་རྗེས་རྒྱལ་ཁབ་མཐོ་གསར་ཁུལ་གྱི་སྤྱི་འབོར་179ཟིན་ཡོད་པ་རེད།

    བཟོ་འཕྲིན་པུའུ་འཆར་འགོད་སིའི་འབྲེལ་ཡོད་འགན་འཁུར་བས། རྒྱལ་ཁབ་མཐོ་གསར་ཁུལ་དེ་ཉིད་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་དང་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་གྱུར་ཡོད་ཅེས་བརྗོད།

    2025ལོར་རྒྱལ་ཁབ་མཐོ་གསར་ཁུལ་ལ་གླིང་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་20.4བྱུང་ནས་རྒྱལ་ཡོངས་GDPཡི་ནང་བཟུང་བའི་བསྡུར་ཚད་14.5%ཟིན་ཡོད། དེའི་ནང་། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་10ལྷག་ཟིན་ནས་རྒྱལ་ཡོངས་སུ་བསྡུར་གྲངས་བཟུང་ཚད་24.1%ཟིན་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2025ལོར་རྒྱལ་ཁབ་མཐོ་གསར་ཁུལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་24.6ཟིན་པ་དེ་དུས་མཚུངས་ལས་8%ཙམ་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།