དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་ཐབས་རིག་ནུས་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་དང་རྒྱ་ཁྱབ་ལ་སྐུལ་འདེད་གཏོང་བ།

    སློབ་གསོ་པུའུ་སོགས་སྡེ་ཚན་5ཡིས“མི་ཐབས་རིག་ནུས་དང་སློབ་གསོ་ཟུང་འབྲེལ”གྱི་བྱ་སྤྱོད་འཆར་གཞི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-15

    ཉེ་ཆར། སློབ་གསོ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་པུའུ། ཚན་རྩལ་པུའུ། རྒྱལ་ཁབ་གྲངས་གཞི་ཅུས་བཅས་ཀྱིས་མཉམ་དུ《“མི་ཐབས་རིག་ནུས་དང་སློབ་གསོ་ཟུང་འབྲེལ”གྱི་བྱ་སྤྱོད་འཆར་གཞི》བཀྲམ་ནས་མི་ཐབས་རིག་ནུས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་བྱང་ཚད་མཐོ་རུ་གཏོང་བར་སྐུལ་འདེད་དང་། མི་ཐབས་རིག་ནུས་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་དང་རྒྱ་ཁྱབ་ཡོང་བར་སྐུལ་འདེད། “མི་ཐབས་རིག་ནུས་དང་སློབ་གསོ་ཟུང་འབྲེལ”གྱི་རྨང་གཞིའི་ཁོར་ཡུག་སྟོབས་ཆེར་གཏོང་བ། “མི་ཐབས་རིག་ནུས་དང་སློབ་གསོ་ཟུང་འབྲེལ”གྱི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་གཙོ་གནད་ལས་འགན་ཁག་4བཏོན་ཡོད་པ་རེད།

    དེའི་ནང་། མི་ཐབས་རིག་ནུས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་བྱང་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར་དམིགས་ནས་བྱ་སྤྱོད་འཆར་གཞིའི་ནང་བཏོན་དོན། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་མི་ཐབས་རིག་ནུས་ཀྱི་སློབ་གསོ་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་། མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་སློབ་ཚན་བཀོད་སྒྲིག་གང་མང་དང་གང་ལེགས་བྱེད་པ། གྲོང་གསེབ་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གྲྭས་རྒྱལ་ཁབ་ཀྱི་ལས་སྟེགས་སྤྱད་དེ་མི་ཐབས་རིག་ནུས་ཀྱི་སློབ་ཚན་ཡག་པོ་འཚོག་པར་རྒྱབ་སྐྱོར་བཅས་བྱེད་དགོས། མཐོ་རིམ་སློབ་གསོའི་དུས་མཚམས་སུ་མི་ཐབས་རིག་ནུས་དེ་མཐོ་སློབ་ཀྱི་སྤྱི་པའི་རྨང་གཞིའི་སློབ་ཚན་དུ་འགྱུར་བར་སྐུལ་འདེད་དང་རིག་ཚན་དང་ཆེད་ལས་གཞིར་བཟུང་སློབ་ཚན་དང་བསླབ་གཞི་རིགས་ཕྱེ་ནས་རྩོམ་འབྲི་བྱས་ཏེ་སློབ་མ་ཡོངས་ཀྱིས་མི་ཐབས་རིག་ནུས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་དགོས། ལས་རིགས་སློབ་གསོའི་དུས་མཚམས་སུ་སྲོལ་རྒྱུན་གྱི་ཆེད་ལས་རིག་ནུས་ཅན་དུ་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ལས་རིགས་སློབ་གསོའི་དུས་མཚམས་སུ་སྲོལ་རྒྱུན་ཆེད་ལས་རིག་ནུས་ཅན་དུ་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཚེ་གང་སློབ་གསོའི་དུས་མཚམས་སུ་སྤྱི་ཚོགས་ཡོངས་ཀྱི་མི་ཐབས་རིག་ནུས་ཀུན་ཤེས་སློབ་གསོར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག རྒྱ་ཆེའི་དགེ་རྒན་གྱི་རིག་ནུས་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་བ་དང་། དགེ་འོས་སློབ་མ་གསོ་སྐྱོང་གི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་ཤོས་ཀྱི་ཤེས་བྱ་སློབ་ཚན་གྱི་མ་ལག་ནང་འཇུག་པ་བཅས་དང་འབྲེལ། མི་ཐབས་རིག་ནུས་དགེ་རྒན་གྱི་འོས་ཐོབ་རྒྱུགས་ལེན་དང་ཁས་ལེན་ནང་དོན་དུ་འཇུག་དགོས།

    བྱ་སྤྱོད་འཆར་གཞིའི་ནང་བླང་བྱ་བཏོན་དོན། མི་ཐབས་རིག་ནུས་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་དང་རྒྱ་ཁྱབ་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་མའི་སློབ་སྦྱོང་ལ་མཐུན་རྐྱེན་སྦྱོར་བའི་ཐད་རིག་ནུས་སློབ་རོགས་ཞིབ་སྤེལ་བྱས་ཏེ་སློབ་མའི་རང་སོའི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་ལ་སྐུལ་འདེད་གཏོང་དགོས། དགེ་རྒན་གྱི་སློབ་ཁྲིད་ལ་མཐུན་རྐྱེན་སྦྱོར་བའི་ཐད་རིག་ནུས་སློབ་ཁྲིད་མ་ལག་ཞིབ་འཇུག་གསར་སྤེལ་བྱས་ནས་སློབ་ཚན་མ་འཚོག་གོང་གི་གྲ་སྒྲིག་དང་། སློབ་ཚན་ཁྲིད་སྐབས་ཀྱི་སློབ་ཁྲིད། སློབ་ཚན་གྲོལ་རྗེས་ཀྱི་སྦྱོང་ཚན་སོགས་སློབ་ཁྲིད་ཀྱི་ལྷུ་ཚིགས་ཧྲིལ་པོར་འདེགས་སྐྱོར་བྱེད་དགོས། སློབ་གྲྭ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱོར་བའི་ཐད་སློབ་གསོའི་རིག་ནུས་དྲ་མཛོད་བཏོད་དེ་སྲིད་དོན་ཞབས་ཞུ་དང་། ཡིག་རྒྱུགས་གདེང་འཇོག ལས་ཞུགས་ཞབས་ཞུ་སོགས་ཀྱི་རྣམ་པར་དམིགས་ནས་སྟབས་བདེའི་ཞབས་ཞུ་དང་། གནད་སྨིན་དོ་དམ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་བཅས་ལ་འདེགས་སྐྱོར་བྱེད་དགོས། ཚན་རིག་ཞིབ་འཇུག་ལ་མཐུན་རྐྱེན་སྦྱོར་བའི་ཐད་ཚན་རིག་རིག་ནུས་དངོས་པོ་དང་རིག་ནུས་ཚོད་ལྟའི་ཚོ་འདུས་བཙུགས་ཏེ་མི་ཐབས་རིག་ནུས་ལ་བརྟེན་ནས་ཚན་ཞིབ་ལ་སྐུལ་འདེད་གཏོང་བའི་འཕོ་འགྱུར་གྱི་སྤྱི་འགྲོས་འཚོལ་ཞིབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།