ཤེས་དཔལ་སྲོལ་གསར་སྒྲོག་འགྲེལ་བྱས། བདེ་སྐྱིད་འཚོ་བ་མཉམ་དུ་གཏོད།

འདི་ནི་དང་བླངས་པས་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།
ཉིན་ཤས་རིང་། འཕྱོངས་རྒྱས་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཁོངས་མིའི་ཚན་པ་ཁག་དང་མཉམ་དུ་མང་ཚོགས་འདུ་འཛོམས་ཆེ་སར་ལྟ་འདོད་ཅིང་ཉན་སྤྲོ་བ་དང་གོ་བདེ་བའི་རྣམ་པའི་ཐོག་ནས། “ཡ་རབས་ཡར་བརྩོན་གྱི་སྲོལ་གསར་གཏོད་པ་དང་བདེ་ཐང་བདེ་སྐྱིད་ཀྱི་འཚོ་བར་དགའ་ཞེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་པའི་སྒྲོག་འགྲེལ་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ། ཤེས་དཔལ་གྱི་འདུ་ཤེས་དང་བདེ་ཐང་འཚོ་བའི་ཤེས་བྱ་གཞི་རིམ་དུ་དྲིལ་བསྒྲགས་བྱས་ནས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།