ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཀྲི་པུའུ་ཡིས།
བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ“བུད་མེད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད”ཅེས་པ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོའི་འགྲེམས་ཁང(ལྷ་ས་གསར་བརྗེའི་གཞི་རྒྱུའི་མཛོད་ཀྱི་ཆེད་དོན་འགྲེམས་སྟོན)དུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེ་ས་ཡུལ་དངོས་ཀྱི་སློབ་ཁྲིད་དང་དབྱིངས་ཞུགས་རྣམ་པའི་མྱོང་ཚོར་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་སྤེལ་ཞིང་། “མཐུན་འགྲོགས་ལྷ་ས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཏང་ཡོན་ལས་བྱེད་པས་སྒྲོག་འགྲེལ་པའི་སྣེ་ཁྲིད་འོག“གཞི་རྒྱུད་གཅིག་པ། མནའ་མཐུན་སེམས་མཐུན” སོགས་འགྲེམས་སྟོན་ལེ་ཚན་བཞིར་རིམ་པ་བཞིན་ལྟ་སྐོར་བྱས་པ་རེད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དང་། དེང་རབས་ཅན་གྱི་འགྲེམས་སྟོན། དེ་བཞིན། མཉམ་འགུལ་ཉམས་ལེན་བཅས་བྱས་པ་བརྒྱུད། ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་སྐྲུན་རིང་ལྷ་སའི་ལག་ལེན་དང་གྲུབ་འབྲས་མྱོང་ཚོར་ཐུབ་ཡོད་ལ། མི་རིགས་ཁག་གི་བུ་ཕྲུག་རྣམས་ཕན་ཚུན་བརྩེ་དུང་ཤིན་ཏུ་ཟབ་པའི་མྱོང་ཚོར་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།