ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་མཉམ་ལས་ལྟེ་བའི་ཁུལ་མགྱོགས་མྱུར་སྐྲུན་པ།
ཉེ་ཆར། གསར་འགོད་པར་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་2026ལོའི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་སྒྱུར་བཅོས་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས། སྒོ་དབྱེའི་ལས་སྟེགས་འཛུཌ་པ་བཅས་གཙོ་བོར་བཟུང་སྟེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་། ས་ཁོངས་བརྒལ་བའི་དྲ་ཚོང་། ཕྱི་ཕྱོགས་མཉམ་ལས་གླིང་བཅས་ཀྱི་འཛུགས་སྐྲུན་ལ་བརྟེན་ནས། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་མཉམ་ལས་ལྟེ་བའི་ཁུལ་མགྱོགས་མྱུར་བསྐྲུན་ཏེ། གླིང་ཁུལ་གྱི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་གོ་རིམ་ལྡན་པའི་སྒོ་ནས་མཐོ་རུ་གཏོང་རྒྱུ་རེད།
ཤེས་རྟོགས་བྱུང་བར། སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐད། དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། “ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”གསལ་ཐོ་བཟོས་ནས། ཁེ་ལས་ལ་སྟབས་བདེ་ལ་ནུས་པ་ཆེ་བའི་ཞབས་འདེགས་ཞུ་རྒྱུ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ། “བསྡོམས་འབོར་ཉུང་འཕྲི་དང་། མི་སྣ་ཉུང་འཕྲི། རིམ་པ་ཉུང་འཕྲི”དང་། “གསོག་ཐེབས་རྒྱུ་ནོར་གཙང་བཤེར་དང་། གང་འགབ་ཅི་སྤྱོད་དང་མངོན་མེད་རྐྱེན་ངན་སེལ་བ། བུན་དབང་དང་བུ་ལོན་གཙང་མ་བསྡུ་བ”སོགས་ཀྱི་གཙོ་གནད་ལས་འགན་ལག་ལེན་བསྟར་རྒྱུ། གཞུང་ཁོངས་ཁེ་ལས་བཅོས་སྒྲིག་ལེགས་གཏོང་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག “དོ་དམ་ཨུ་ལྷན་དང་ཀུང་སི་ཟུང་འབྲེལ”གྱི་འཁོར་སྐྱོད་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།
སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐད། ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ། རྩ་ཆེའི་ལྕགས་རིགས་ལས་སྣོན་དང་SMTཉིང་ལྷེབ་སོགས་རྣམ་གྲངས་ལ་དམིགས་ནས་ཐོན་སྐྱེད་བྱེད་འགོ་འཛུགས་པ་དང་། ཤ་རིགས་ཐོན་རྫས་ཀྱི་དམིགས་འཛུགས་ལྟ་འདོམས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཉོ་སྒྲུབ་ཚོང་དོན་ཚོད་ལྟ་རེ་ཞུ་བཅས་བྱས་ནས་ཁྲལ་སྲུང་ལས་སྒོ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།