དབུ་ཤོག
  • “མེ་གསོད་བ་རྫུན་མར”དབྱེ་འབྱེད་དང་དོགས་ཟོན་ཇི་ལྟར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-15

    མེ་ཟོན་བདེ་འཇགས་གལ་འགངས་ཆེ། ཁ་བསླུས་གཏན་འགོག་བློ་ལ་ངེས། དངུལ་མི་སྒྱུར་བ་དང་། དངུལ་མི་གཏོང་བ། ནང་དོན་གསལ་པོ་མེད་པའི་ཐོན་རྫས་མི་ཉོ་བ་བཅས་བྱས་ཏེ་དོགས་ཟོན་ཆེར་སྐྱེད་བྱེད་དགོས། དོགས་པ་ཡོད་པའི་མི་དང་འཕྲད་ན་འཕྲལ་དུ་ཞིབ་བསྡུར་བྱས་ཏེ་ཐེར་འདོན་གོང་ཞུ་བྱེད་དགོས། མཉམ་དུ་བདེ་འཇགས་སྲུང་སྐྱོང་བྱས་ནས“མེ་གསོད་བ་རྫུན་མའི”མགོ་སྐོར་འོག་ཏུ་མི་ཚུད་པ་བྱེད་དགོས།

    གཅིག མེ་གསོད་བ་ཡིན་ཟེར་ནས་སྒོ་རྩར་ཞིབ་བཤེར་དང་། གསོ་སྦྱོང་། ཞབས་ཞུ་བཅས་བྱེད་པར་ཡོང་སྐབས་ཁྱེད་ཀྱིས“མེ་གསོད་བ་རྫུན་མའི་ཁ་བསླུས”ཀྱི་གཡོ་ཐབས་ཁག་གཅིག་གསལ་པོ་ཤེས་དགོས་པ་སྟེ།

    1.སྔོན་ལ་ཕར་ཕྱོགས་ལ་ནུས་ལྡན་གྱི་ཁྲིམས་འཛིན་ལག་ཁྱེར་འདོན་རྒྱུའི་རེ་བ་བཏོན་དགོས།

    2.འཕྲལ་མར་ས་གནས་དེ་གའི་མེ་གསོད་རོགས་སྐྱོབ་སྡེ་ཚན་དང་འབྲེལ་བ་བྱས་ཏེ་ཐོབ་ཐང་ཞིབ་དཔྱད་བྱེད་དགོས།

    3.ཁ་བསླུས་རྒྱག་པའི་བྱེད་སྤྱོད་ཤེས་རྟོགས་ཐུབ་ཚེ། དཔང་རྟགས་ཉར་ནས་དུས་ཐོག་ཏུ་སྙན་སེང་ཞུ་བའམ་ཡང་ན་མེ་གསོད་རོགས་སྐྱོབ་སྡེ་ཚན་ལ་ཐེར་འདོན་གོང་ཞུ་བྱེད་དགོས། ཁུངས་སྣེ་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ནི་96119ཡིན།

    གཉིས གཤམ་གྱི་མགོ་སྐོར་གཏོང་སྟངས་ལ་དོགས་ཟོན་བྱེད་དགོས་པ་སྟེ།

    1.སྤུས་ཞན་ཐོན་རྫས་རིན་གོང་མཐོ་པོས་བྲིན་འཚོང་བྱེད་པ། ཁྲིམས་འགལ་བས་མེ་ཟོན་དཔེ་དེབ་དང་། པར་རིས། སྒྲ་བརྙན་ཐོན་རྫས་སྣ་ཚོགས་ཀྱི་པར་དབང་རྐུ་སྤྱོད་བྱེད་པ་དང་། ཁོང་ཚོས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འབྲེལ་གཏུག་བྱེད་མཁན་བཙལ་ནས་ཁ་བསླུས་རྒྱག་པའི་ཐབས་ལ་བརྟེན་ཏེ་སྤུས་ཞན་ཐོན་རྫས་དེ་དག་རིན་གོང་མཐོ་པོས་འཚོང་གི་ཡོད།

    2.ཞིབ་བཤེར་བྱེད་ཁུལ་གྱིས་དངུལ་ཆད་ལེན་པ། མེ་གསོད་ཆེད་ལས་ཀྱི་ཐ་སྙད་སློབ་སྦྱོང་བྱེད་པ་དང་འབྲེལ་ཡིད་ཆེས་སླ་ཞིང་བདེན་རྫུན་དབྱེ་འབྱེད་དཀའ་བའི་ལག་ཁྱེར་རྫུན་མ་བཟོ་བ་དང་ཡིག་ཆ་རྫུན་མ་བཟོས་ནས། ཁྲིམས་འཛིན་མི་སྣར་བརྫུས་ཏེ་ཚན་པའམ་ཡང་ན་བྱེད་སྒོ་སྤེལ་ཡུལ་ལ་བཙན་ཤེད་ཀྱིས་ཞིབ་བཤེར་བྱེད་པ་དང་། དེ་རྗེས་གནས་དེར་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་པར་ཁ་གཡར་ནས“ཆད་པ་མཐོ་པོ”གཅོད་པ་དང་། དངུལ་རག་རྗེས་བྲོས་བྱོལ་དུ་འགྲོ་གི་ཡོད།

    3.སྒོ་རྩར་ཞིབ་བཤེར་དུ་ཡོང་ཁུལ་གྱིས་བཙན་ཤེད་ཀྱིས་ཅ་དངོས་ཚོང་བ། ཁྲིམས་འགལ་བས་མེ་གསོད་སྡེ་ཚན་གྱི་ལས་དོན་པར་བརྫུས་ནས་ཚན་པ་ཁག་ཏུ་མེ་ཟོན་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཡོང་ཁུལ་བྱེད་པ་དང་། མཐར་མེ་གསོད་ཡོ་ཆས་སོགས་སྒྲིག་ཆས་མི་འདང་བའམ་ཡང་ན་སྐྱོན་ཤོར་བ་རྒྱུ་མཚན་དུ་བྱས་ནས་ཚད་གཞི་མ་ལོན་པའི་མེ་གསོད་ཐོན་རྫས་བཙོངས་ཏེ་དེའི་ཁྲོད་ནས་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད།

    4.བརྡ་ཐོ་བཏང་ནས་གསོ་སྦྱོང་གི་གྲོན་དངུལ་ཁ་བསླུས་རྒྱག་པ། ཁེ་ལས་དང་ཚན་པར་མེ་གསོད་སྡེ་ཚན་གྱི་གཞུང་ཐམ་རྫུན་མ་བརྒྱབ་པའི“ཛ་དྲག་བརྡ་ཐོའི”ཡིག་ཆ་བསྐུར་ནས“མེ་ཟོན་བདེ་འཇགས་སྲོལ་ཡིག”གསར་པའི་གསོ་སྦྱོང་བྱེད་དགོས་པ་མ་ཟད། གསོ་སྦྱོང་གྲོན་དངུལ་སྒེར་གྱི་དངུལ་ཁང་རྩིས་ཁྲར་བསྐུར་དགོས་པའི་རེ་བ་འདོན་གྱི་ཡོད།

    5.“གཏའ་དངུལ”བསྡུ་བ་དང་ཕྱིར་སློག་ཆོག་པའི་ཁས་ལེན་བྱེད་པ། “བདེ་འཇགས་མེ་ཟོན”སོགས་ཀྱི་མིང་ཐོག་ནས་གང་ས་ནས“གཏའ་དངུལ”བསྡུ་བ་དང། དུས་ཚོད་ངེས་ཅན་ཞིག་ནང་མེ་ཟོན་བདེ་འཇགས་སྐོར་གྱི་ལས་འཛོལ་གང་ཡང་མ་ཐོན་ཚེ་དངུལ་ཚང་མ་སློག་ཆོག་ཅེས་ཁས་ལེན་བྱེད་པ།

    6.རིན་མེད་གསོ་སྦྱོང་བྱས་ནས་ཡོ་བྱད་འཚོང་བ། མེ་གསོད་ལྟེ་གནས་དང་མེ་ཟོན་དྲིལ་བསྒྲགས་ལྟེ་གནས་སོགས་ཀྱི་མིང་ཐོག་ནས་ཚན་པ་དང་རང་འགུལ་ངང་འབྲེལ་བ་བྱས་ནས་མེ་ཟོན་ཤེས་བྱ་རིན་མེད་ངང་འཆད་ཁྲིད་བྱེད་པ་དང་། འཆད་ཁྲིད་མཇུག་འགྲིལ་རྗེས་རིན་གོང་མཐོ་པོ་དང་ཐ་ན་རྫུན་ལྷད་ཞན་གསུམ་གྱི་མེ་གསོད་ཡོ་བྱད་དང་། དུ་འགོག་ངོ་འབག སྲོག་སྐྱོབ་ཐག་པ་སོགས་མེ་གསོད་ཡོ་བྱད་ཁག་གཅིག་འཚོང་གི་ཡོད།

    7.“རྒྱུན་གོས་གྱོན་ནས་ལྟ་ཞིབ”བྱེད་པ་དང་སྒོ་རྩར་ཡོང་ནས་འཇིགས་སྣང་སྐུལ་བ། ཁྲིམས་འགལ་བས་གོང་རིམ་གྱི་མེ་གསོད་ཁྲིམས་སྒྱུར་མི་སྣར་བརྫུས་ཏེ། རང་ཉིད་རྒྱུན་གོས་གྱོན་ནས་ལྟ་ཞིབ་བྱེད་མཁན་ཡིན་ཞེས་བརྗོད་དེ་འཇིགས་སྣང་བསྐུལ་བ་དང་ཐེར་འདོན་གོང་ཞུ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ཏེ་མེ་གསོད་ཐོན་རྫས་འཚོང་བ་དང་མེ་ཟོན་ལས་གྲྭ་རྩིས་ལེན་གྱི་ཡོད།

    8.ཁ་པར་ནས་འཇིགས་སྣང་བསྐུལ་ཏེ་ཡོ་བྱད་འཚོང་བ། ཁྲིམས་འགལ་བས་ཁེ་ལས་དང་བྱ་གཞག་ཚན་པར་ཁ་པར་བཏང་ནས་རང་ཉིད་ནི་མེ་གསོད་སྡེ་ཚན་གྱི་ལས་དོན་པ་ཡིན་ཞེས་བརྗོད་དེ་གསོ་སྦྱོང་གི་དཔེ་དེབ་དང་མེ་གསོད་ཡོ་བྱད་བཙན་ཤེད་ངང་འཚོང་གི་ཡོད། ཁེ་ལས་ཀྱིས་བསམ་འཆར་མི་འདྲ་བ་བཏོན་ཚེ་ཁྲིམས་འགལ་བས་མེ་གསོད་ཀྱི་ཞིབ་མཆན་དང་ཞིབ་བཤེར་རྩིས་ལེན་ཚད་མ་ལོན་པ་སོགས་ལ་ཁ་གཡར་ཏེ་འཇིགས་སྣང་བསྐུལ་ནས་ཁོང་ཚོས་བཤད་པ་ལྟར་བྱེད་དུ་འཇུག་གི་ཡོད།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།