བོད་ཀྱི་གྲོང་ཚོའི་ལོ་རྒྱུས་དེབ་ཐོག་མ《བྲག་ཕྱི་གྲོང་ཚོའི་ལོ་རྒྱུས》དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཉེ་ཆར། རང་ལྗོངས་ཀྱི་གྲོང་ཚོའི་ལོ་རྒྱུས་དེབ་ཐོག་མ《བྲག་ཕྱི་གྲོང་ཚོའི་ལོ་རྒྱུས》དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་འབྲེལ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོར་འགྲེམས་སྤེལ་མཛད་སྒོ་གཉེར་བ་རེད།
《བྲག་ཕྱི་གྲོང་ཚོའི་ལོ་རྒྱུས》དེབ་དེའི་ནང་1950ལོ་ནས་2020ལོའི་བར་གྱི་གྲོང་ཚོའི་ལོ་རྒྱུས་བཀོད་ཡོད་ཅིང་། དེབ་ཧྲིལ་པོར་རགས་བཤད་དང་། སྐྱེ་ཁམས་ཁོར་ཡུག གནས་ཚུལ་འཕེལ་རིམ། གྲོང་སྲིད་རྩ་འཛུགས་སོགས་ལེའུ་12བཀོད་ཡོད་ཅིང་། ཁྱོན་ཡིག་འབྲུ་ཁྲི་41.4དང་པར་རིས་185བཀོད་ཡོད། ལོ་རྒྱུས་དེབ་དེ་2021ལོའི་ཟླ་3པར་རྩོམ་སྒྲིག་བྱེད་འགོ་ཚུགས་ཤིང་། ཕྱོགས་ཡོངས་ནས་བྲག་ཕྱི་གྲོང་ཚོའི་ས་གཤིས་ཆགས་ཚུལ་དང་། ཡུལ་ཕྱོགས་ཀྱི་རིག་གནས། འཕེལ་རྒྱས་འཕོ་འགྱུར་བཅས་བཀོད་ཡོད་པ་དང་། གྲོང་ཚོ་ཆུང་ངུ་ནས་ཐོན་ལས་གྲོང་ཚོ་དང་། འབྱོར་ཕྱུག་གྲོང་ཚོ། ཤེས་དཔལ་གྲོང་ཚོ་བཅས་བར་གྱི་འབད་འཐབ་ཀྱི་ལོ་རྒྱུས་གསོན་ཉམས་དོད་པོས་བྲིས་ཡོད།
བྲག་ཕྱི་གྲོང་ཚོའི་ལོ་ངོ་70ཡི་རིང་གི་འཕེལ་རྒྱས་ཀྱི་ལམ་བུ་ནི་བོད་ཀྱི་ལོ་ངོ་70ཡི་རིང་གི་གནམ་ས་བླ་འོག་གི་འཕོ་འགྱུར་གྱི་བསྡུས་རིས་ཤིག་རེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བོད་དུ་གྲུབ་འབྲས་ཐོན་པའི་ངང་ལག་ལེན་དང་བོད་དུ་ཏང་གི་བོད་སྐྱོང་མཛད་ཇུས་གསོན་ཉམས་དོད་པོས་ལག་ལེན་བསྟར་བའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། དུས་རབས་གསར་པའི་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་དེ་བས་རེད།
བྲག་ཡིབ་ཆུས་ཀྱིས《བྲག་ཕྱི་གྲོང་ཚོའི་ལོ་རྒྱུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་གོ་སྐབས་སུ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱས་ནས། ལོ་རྒྱུས་ཀྱི་རིག་རྒྱུན་རེག་ཚོར་ཐུབ་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ཏེ། རིག་གནས་ཀྱི་གདེང་ཚོད་ཆེན་པོས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བྲག་ཡིབ་བསྐྲུན་པར་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ནས་བྲག་ཡིབ་ཀྱི་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་། འཕེལ་རྒྱས་ཀྱི་གཏམ་རྒྱུད། བདེ་སྐྱིད་ཀྱི་གཏམ་རྒྱུད་བཅས་ཡག་པོ་བརྗོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།