བར་རྩེ་ཆུ་བེད་ལྟེ་གནས་དང་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭས་ཚན་རྩལ་གསར་གཏོད་ཀྱི་རྣམ་གྲངས་ཁག་75ལག་ལེན་བསྟར་བ།
གསར་འགོད་པར་བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་གནས་དང་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་པུའུ་ནས་ཤེས་རྟོགས་བྱུང་བར། ལས་གྲྭ་ལས་འགོ་ཚུགས་ཚུན། ས་བབ་མཐོ་བའི་ལས་གྲྭའི་དོན་དངོས་ལ་གཞི་ཚུགས་ནས་ཚན་རྩལ་གསར་གཏོད་ལས་དོན་ཕན་འབྲས་ཆེ་བའི་ངང་སྤེལ་ཞིང་། མིག་སྔར་ཚན་རྩལ་གསར་གཏོད་རྣམ་གྲངས་ཁག་75བཙུགས་པ་དང་། གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་ལག་ཁྱེར་4རག་པ། རྒྱལ་ཁབ་རིམ་པའི་རིགས་གསུམ་གྲུབ་འབྲས་ཁག་4ཐོབ་པ། མཐོ་གྲང་དང་། འཁྱགས་ས། ཆར་ཆུ་སོགས་ལས་གྲྭའི་དཀའ་གནད་ལས་བསྒྲལ་ཏེ་སྤུས་ཚད་མཐོ་རུ་གཏོང་བ་དང་། མ་གནས་གཅོག་པ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཏན་ཏིག་བྱུང་ནས་ལས་གྲྭར་དུས་བཀག་ལྟར་སྐུལ་འདེད་གཏོང་ཐུབ་ཡོད།
མིག་སྔའི་བར། 《ས་མཐོའི་ཐན་ཉུང་སྐྱེ་ཁམས་སྒར་སའི་ལག་རྩལ་ཞིབ་འཇུག》དང་།《BIMལ་གཞིགས་པའི་གྲངས་འཛིན་ཅན་གྱི་ལས་གྲྭའི་དོ་དམ་ལས་སྟེགས》 《རིག་ནུས་བདེ་འཇགས་གསོ་སྦྱོང་དཔྱད་ཞིབ་མ་ལག》སོགས་ལ་ཞིབ་འཇུག་བྱས་ཏེ། ཁེ་བེད་བདག་ཐོབ་30ལྷག་ཙམ་དང་། ཚན་རྩལ་གསར་གཏོད་རིགས་ཀྱི་བྱ་དགའ་10ལྷག་ཙམ་མཉམ་དུ་རེ་ཞུ་བྱས་པའི་ནང་གསར་གཏོད་རིགས་ཀྱི་ཁེ་བེད་བདག་ཐོབ་7ལ་དབང་ཆ་སྤྲད་པ་དང་། རྒྱལ་ཁབ་རིམ་པའི་ཆེད་བསྒྲིགས་དུས་དེབ་ཀྱི་ཆེད་རྩོམ་2བཅས་སྤེལ་ཡོད།
འབྲེལ་ཡོད་གསར་འགྱུར།