དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དོན་ཆུང་ལ་སྣང་ཆེན་བྱས། བརྩེ་སེམས་ཀྱིས་དམངས་སེམས་དྲོས།

    —— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅུ་གཉིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-15

    སྤྱོད་ཚུལ་ལེགས་གཏོང་ནམ་ཡང་ཚར་དུས་མེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བྱུང་མྱོང་མེད་པའི་ཧ་ཅང་གལ་ཆེ་བའི་གནས་བབ་ཐོག་བཞག་སྟེ། བརྗོད་དོན་གཙོ་བོ་མི་འགྱུར་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། སྒུལ་ཤུགས་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཐོག རྒྱུན་སྲིང་ལྷོད་མེད་དང་ལོ་ལྔ་བསྟུད་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ཚོགས་འདུ་འཚོགས་པ་ལས། ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་མཐའ་གཅིག་ཏུ་དམ་འཛིན་དང་། དམ་འཛིན་ནན་པོ། དམ་འཛིན་ཏན་ཏིག་བཅས་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད།

    ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་ཟམ་ཁ་སྡེ་ཁུལ་དུ་ལས་བྱེད་པས་ཉིན་ལྟར་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དངོས་སྒྲུབ་ལ་བརྟེན་ནས་དམངས་ཀྱི་དྲི་བར་ལན་སློག་པའི་རྒྱུན་གཏན་གྱི་བྱ་བ་དག་གྱང་ཐོག་གི་སྦྱར་ཚིག་ཙམ་ཞིག་མིན་པར་གཞི་རིམ་དུ་སྤྱོད་ཚུལ་ལེགས་གཏོང་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་ཚུལ་གསར་འགོད་པས་མཐོང་བྱུང་།

    “མང་ཚོགས་ཀྱི་དོན་དག་འཕྲལ་མར་བསྒྲུབས་པ”

    ཟམ་ཁ་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་སྡེ་ཁུལ་ཞིག་ཡིན། གྲོང་མི་1500ལྷག་ཙམ་ཤང་དང་གྲོང་རྡལ་10ནས་ཡོང་བ་དང་། དེ་གར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱིས་རིགས་སོགས་མི་རིགས་མང་པོ་མཉམ་སྡོད་བྱེད་པ་མ་ཟད། ད་དུང་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཡང་རེད། སྔོན་ཆད་དེ་གར་མི་མང་བ་དང་། དོན་དག་རྙོག་དྲ་ཚ་བ། རེ་ཞུ་མང་བ་བཅས་ཀྱི་སྡེ་ཁུལ་ཞིག་རེད།“སྔོན་ཆད་དོན་དག་སྒྲུབ་པར་ཐེངས་མང་པོ་འགྲོ་དགོས་ཀྱི་ཡོད། ད་ཆ་ཞུ་དོན་གྱང་ངོས་སུ་སྦྱར་ཚེ་དེར་ཐག་གཅོད་བྱེད་མཁན་ཡོད”

    སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་དཔའ་འཛོམས་ཀྱིས“ཞུ་དོན་ལས་སྟེགས”ལ་མཛུབ་མོ་བཙུགས་ནས“མང་ཚོགས་ཀྱི་དོན་དག་ཇི་འདྲ་ཆུང་ཡང་དོན་ཆེན་རེད། གལ་སྲིད་ལས་སྟེགས་ལ་ཞུ་དོན་དག་སྦྱར་ཚེ་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པ་དང་། བསྒྲུབས་ཚར་རྗེས‘ལན་སློག་ལས་སྟེགས’ལ་སུས་བསྒྲུབས་པ་དང་ག་དུས་བསྒྲུབས་པ་གསལ་པོར་ཡོད་པས་བལྟས་པ་ཙམ་གྱིས་ཤེས་ཐུབ”ཅེས་ངོ་སྤྲོད་བྱས། བསོད་ནམས་དཔའ་འཛོམས་ཀྱིས“ཞུ་དོན་ལས་སྟེགས”དང“ལན་སློག་ལས་སྟེགས”གཉིས་སྦྲེལ་ཡོད་པས་དེར་གྲོང་མིས་དོན་དག་བརྗོད་པ་དང་། ལས་བྱེད་པས་ངོས་འཛིན་རྩིས་ལེན་བྱེད་པ། དུས་བཀག་ལྟར་ཐག་གཅོད་བྱེད་པ། བྱས་འབྲས་ཡོངས་བསྒྲགས་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད་ཅེས་གསར་འགོད་པར་བཤད།

    བྱེད་ཐབས་དེ་རིགས་ནི་ལག་ལེན་ཁྲོད་དུ་ཕྱོགས་སྡོམ་བྱས་ནས་བྱུང་བ་ཞིག་རེད།

    “བྱ་བ་ཡག་པོ་བསྒྲུབས་ཚེ་གཞི་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐུབ”

    སྡེ་ཁུལ་བཅོས་སྐྱོང་བྱེད་པར་ལས་བྱེད་པ་ཁོ་ནའི་དཀའ་སྤྱད་ལ་བརྟེན་མི་རུང་སྟབས། ཟམ་ཁ་སྡེ་ཁུལ་གྱིས་ལག་ལེན་ཁྲོད་རེ་ཞུའི“ལན་སློག་ལས་སྟེགས”དང་། ལས་དོན་ཐོ་འགོད་ལས་སྟེགས། ནུས་ཕྱོད་སྐར་གསོག་ལམ་ལུགས་བཅས་ཀྱི་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་སྒོས་ཡུལ་སྲོལ་ཤེས་དཔལ་གྱི་མིང་ཐོ་དང་། ཡིད་རྟོན་མིང་ཐོ། ལས་བཀུར་མིང་ཐོ། དྲང་བདེན་བྱ་སྤྱོད་ཀྱི་མིང་ཐོ། འཕྲོད་བསྟེན་ཡག་ཉེས་ཀྱི་མིང་ཐོ་བཅས་ཡོངས་བསྒྲགས་བྱས་ཏེ་ཉེ་འཁོར་གྱི་མི་དང་དོན་དག་ལ་བརྟེན་ནས་མང་ཚོགས་ལ་ཁྲིད་སྟོན་བྱས་ཡོད།

    བཅོས་སྐྱོང་སྔར་བས་ནུས་ཆེ་ཡོང་ཆེད། སྡེ་ཁུལ་གྱིས་ད་དུང“གནམ་ས་མི”བཅས་དྲ་བ་གསུམ་གྱི་མཉམ་འདྲེས་མ་ལག་ཅིག་བཏོད་པ་སྟེ། གཙོ་གནད་ས་ཁོངས་སུ་ལྟ་སྐུལ་ཚོད་འཛིན་གྱི“གནམ་དྲ”བཀྲམ་པ་དང་། ལས་དོན་རུ་ཁག་དང་སྡེ་ཁུལ“ཨུ་ལྷན་གཉིས”ལས་གྲུབ་པའི་དྲ་མིག་དོ་དམ་ཚོགས་ཆུང་གིས“ས་དྲ”བརྟན་པོ་བཙུགས་པ། སྡེ་ཁུལ་དང་བླངས་རུ་ཁག་གིས“མི་དྲ”ཞིག་ཆགས་པར་བྱས་ཡོད།

    “མང་ཚོགས་ཀྱིས་ཁྱེད་ཚོར་ཡིད་ཆེས་མ་བྱས་ཚེ་བརྒྱ་བཤད་སྟོང་བཤད་བྱས་ཀྱང་ཕན་པ་མེད་པར་བརྟེན། བྱ་བ་ཡག་པོ་བསྒྲུབས་ཚེ་གཞི་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐུབ”ད་ཆ་བསོད་ནམས་དཔའ་འཛོམས་ཀྱིས“གཞི་རིམ་བཅོས་སྐྱོང་གི་གསལ་རྟོགས་གཱ་ལྔ”དང“སྒོ་མདུན་གྱི་འགན་གཙང་བཞིའི”འགན་འཁྲིའི་བྱང་བུ་294གསར་འགོད་པར་བཏོན་པ་ལས“ལས་དོན་པས་དྲ་མིག་ནང་བྱ་བ་སྒྲུབ་པ་དང་། བྱ་བ་དག་དྲ་ཐོག་ནས་གཉེར་ཏེ་དུད་ཚང་དང་མི་གཅིག་ཀྱང་མི་ལུས་པ་བྱེད་པའི”ཁས་ལེན་ལ་བདེན་དཔང་བྱས་ཡོད།

    “ངས་ཁོང་ཚོ་ནམ་ཡང་བརྗེད་མི་སྲིད”

    “ཞུ་དོན་ལས་སྟེགས”ཀྱིས“དོན་དག”ཐག་གཅོད་ཐུབ་ནའང་། སྡེ་ཁུལ་སྤོ་སྐབས་ཀྱི་དཀའ་ངལ་ཆེ་ཤོས་ནི་ཤང་དང་གྲོང་རྡལ་མི་འདྲ་བ་དང་མི་རིགས་མི་འདྲ་བ་ནས་ཡོང་བའི་མི་རྣམས་སེམས་པ་གཅིག་མཐུན་ཇི་ལྟར་ཡོང་བ་བྱ་རྒྱུ་དེ་ཡིན།

    སྡེ་ཁུལ་ལས་བྱེད་པའི་བྱེད་ཐབས་ནི“ཁྱིམ་ཚང་མང་པོར་བསྐྱོད་ནས་ཁོང་ཚོའི་གནས་ཚུལ་ཤེས་ཐབས་བྱ་རྒྱུ”དེ་རེད།

    བགྲེས་སོང་བསོད་ནམས་ཆོས་མཚོ་ཡིས་གསར་འགོད་པའི་ལག་ནས་འཇུ་བཞིན“ལས་དོན་རུ་ཁག་རྟག་ཏུ་ཡོང་ཞོར་ཤིང་ཏོག་དང་གྱོན་གོས་འཁྱེར་འོང་བ་མ་ཟད། ང་རང་ན་སྐབས་འབོད་ཚེ་འཕྲལ་མར་འོང་གི་འདུག”ཅེས་བཤད་པ་དང་། ཁོང་གིས“དཔྱིད་གསར་དུས་ཆེན་རིང་རུ་མི་ཚོ་དང་མཉམ་དུ་བརྒྱབ་པའི་པར་ཞིག་བཏོན་ནས་ངས་ཁོང་ཚོ་ནམ་ཡང་བརྗེད་མི་སྲིད” ཅེས་བཤད།

    བབ་ཆགས་པའི་སྐད་ཆ་དེ་དག་གི་ནང་དུ་ལས་དོན་པ་ཚོས་ཉིན་མ་གནངས་འཆར་ལ་འཚམས་འདྲི་བྱེད་པ་དང་། ལན་འདེབས་པ། སྔ་སྣུར་ཞབས་ཞུ་སྒྲུབ་པ་བཅས་འདུས་ཡོད།

    མང་ཚོགས་ལ་ཉེ་བཅར་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཆེད། ཟམ་ཁ་སྡེ་ཁུལ་གྱི་ལས་བྱེད་པ་ཚོས་སྤྱོད་ཚུལ་ལེགས་གཏོང་གི་བླང་བྱ་དེ་རྒྱུན་གཏན་ལྟར་བསྒྲུབས་ནས་ཚང་མས་མཐོང་ཐུབ་པ་དང་རེག་ཐུབ་པའི་དམངས་འཚོའི་བྱ་བ་ཆུང་ཆུང་རེ་རེ་དོན་འཁྱོལ་བྱས་ཡོད།

    ཟམ་ཁ་སྡེ་ཁུལ་དང་འདྲ་བར་བཅོས་སྐྱོང་འཚོལ་ཞིབ་དང་ལག་ལེན་བསྟར་ཚུལ་ས་མཐོའི་གང་སར་མཐོང་རྒྱུ་ཡོད། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ལ་གཞི་ཚུགས་ཏེ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས“བརྩེ་སེམས”ཟབ་མོས་དུས་བདེའི་བོད་ལྗོངས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།