ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ལན་ཆིའུ་སྤོ་ལོའི་འདེམས་སྒྲུག་འགྲན་བསྡུར་འགོ་ཚུགས་པ།

འདི་ནི་འགྲན་བསྡུར་བྱེད་བཞིན་པ།
ཟླ་4ཚེས་12ཉིན། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་སྡེ་ཚོགས་ལྗོངས་ཨུ་ལྷན་དང་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་མི་གསུམ་ལམ་ལུགས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དང་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ལན་ཆིའུ་སྤོ་ལོའི་འདེམས་སྒྲུག་འགྲན་བསྡུར་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་མི་གསུམ་ལམ་ལུགས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནས་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་ཞུགས་མཁན་ཕུལ་བྱུང་ལུས་རྩལ་པ་འདེམས་རྒྱུ་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་རུ་ཁག་བཙུགས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།