དུས་ཚིགས་དང་པོར་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2070བཏང་བ།
དུས་མཚུངས་ལས་4.1%འཕར་བ།
དུས་ཚིགས་དང་པོར། རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2070བཏང་བ་དེ་དུས་མཚུངས་ལས་4.1%འཕར་བ་དང་། རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས་ཁག་24231ལག་བསྟར་བྱས་པའི་ནང་གསར་དུ་ལས་འགོ་བཙུགས་པའི་ཆུ་བེད་རྣམ་གྲངས་ཁག་8348ཡོད་པ་རེད། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར་902དོན་འཁྱོལ་བྱས་པ་དེ་དུས་མཚུངས་ལས་28.4%འཕར་བ་དང་། སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར་434དོན་འཁྱོལ་བྱས་པ་དེ་དུས་མཚུངས་ལས་16.4%འཕར་ནས་ལོ་རེའི་དུས་མཚུངས་ཀྱི་་མང་ཤོས་ཡིན་པ་རེད།
དུས་ཚིགས་དང་པོར། ཆུ་བེད་རྣམ་གྲངས་ཀྱི་ཨར་ལས་ནང་མི་ཁྲི་67ལས་ཞུགས་བྱས་པ་དང་། དེའི་ནང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་54.5ཡོད། རིམ་རྩིས་བརྒྱབ་ན། ལས་ཞུགས་མི་སྣར་གླ་ཕོགས་སྒོར་དུང་ཕྱུར་91སྤྲད་ཡོད། ཐའེ་ཕུའུ་གཙང་པོའི་རྗེས་མཐུད་ཀྱི་དུས་ཐེངས་དང་པོ་དང་། ཡུན་ནན་ཏན་ཀྲུང་གི་ཆུ་འདྲེན་དུས་ཐེངས་གཉིས་པའི་གཙོ་རྐང་དང་། ལེའོ་ཉིང་ལེའོ་ཏུང་ཕྱེད་གླིང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག ཧྥུའུ་ཅན་ཧྲང་པེ་ཧྲིའི་ཆུ་བེད་ལྟེ་གནས། ཀོང་ཏུང་ལེ་ཀྲོའུ་ཕྱེད་གླིང་གི་ཆུ་འདྲེན་ཁུལ། ཨན་ཧུའེ་ཕི་ཧྲི་ཧང་ཆུ་འདྲེན་ཁུལ་གྱི་དེང་རབས་ཅན་གྱི་སྒྱུར་བཀོད་སོགས་གཙོ་གནད་ཆུ་བེད་ལས་གྲྭ་15སྐྲུན་འགོ་ཚུགས་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་རྣམ་གྲངས་7མང་དུ་ཕྱིན་ནས་སྤྱིའི་མ་དངུལ་འཇོག་ཁྱོན་སྒོར་དུང་ཕྱུར་1475ཟིན་ཡོད།
གོམ་སྟབས་རྗེས་མར། ཆུ་བེད་པུའུ་ཡིས་ཆུ་སྐྱོན་དང་ཐན་སྐྱོན་འགོག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་དང་དེང་རབས་ཅན་གྱི་ཆུ་བེད་དྲ་བ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།