དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་56ཚང་མ་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-14

    འདི་ནི་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་ཁྲང་ལིང་སྒང་ཕུག་ལམ་གྱི་ཐོན་ས་ཡིན་པ།

    འདི་ནི་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་གྱི་ཁྲང་ལིང་ཕུག་ལམ་ལ་བྲག་འབིགས་འཕྲུལ་འཁོར་ལག་གསུམ་སོགས་ཀྱི་འཕྲུལ་ཆས་ཅན་གྱི་སྒྲིག་ཆས་སྤྱད་ནས་ཨར་སྐྲུན་བྱེད་བཞིན་པ།

    ཟླ་4ཚེས་12ཉིན་གྱི་ཆུ་ཚོད་8པ་ཡོལ་ཙམ་ལ་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། ཁྲང་ལིང་སྒང་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དེ་ཐོག་ནས་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་56ཚང་མ་ཏལ་འབིགས་ཐུབ་པ་མཚོན་པ་དང་། ལམ་ཐིག་ཧྲིལ་པོར་དུས་བཀག་ལྟར་མེ་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་གྱི་བགྲོད་ལམ་གཙོ་བོའི་པེ་ཅིང་དང་ཁུན་མིང་འབྲེལ་མཐུད་དང་ནང་སོག་པའོ་ཐུའོ་དང་ཧའེ་ནན་འབྲེལ་མཐུད་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་མཚོ་འགྲམ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཁ་གསབ་གལ་ཆེན་ཞིག་ཀྱང་རེད། ལམ་ཐིག་ཧྲིལ་པོར་རིང་ཚད་སྤྱི་ལེ་251དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་ཡོད། ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་ལ་མེ་འཁོར་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་མི་དམངས་མང་ཚོགས་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།