ཀྲུང་གོའི(ནང་སོག)རང་མོས་ཚོང་དོན་ཚོད་ལྟ་ཁུལ་སྒོ་ཕྱེ་བ།
ཟླ་4ཚེས་11ཉིན་ཀྲུང་གོའི(ནང་སོག)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྒོ་ཡོལ་ཕྱེ་བའི་མཛད་སྒོ་དང་འཛུགས་སྐྲུན་སྐུལ་སློང་ཚོགས་ཆེན་ཧུའུ་ཧོ་ཧའོ་ཐེ་རུ་འཚོགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ནང་སོག་ནི་ནང་ཁུལ་ཞིང་ཆེན་བརྒྱད་དང་འབྲེལ་ཡོད་པ་དང་ཕྱི་ཕྱོགས་ཨུ་རུ་སུ་དང་མོང་གོལ་རྒྱལ་ཁབ་དང་འབྲེལ་ཡོད། སྤྱི་ལེ་4200ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་དང་ཕྱི་ཕྱོགས་སྒོ་དབྱེའི་འགག་སྒོ་20ཡོད་པ་དེ་ནི་ཨུ་རུ་སུ་དང་མོང་གོལ་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡར་ཁྱབ་པའི་ལྟེ་བ་གལ་ཆེན་ཞིག་ཡིན་པ་དང་། དེ་དག་ནས་རྒྱལ་ཡོངས་ནས་ཨུ་རུ་སུ་དང་མོང་གོལ་ཁུལ་གྱི་སྐམ་ལམ་ཚོང་དོན་འགྲོ་འོང་མང་ཆེ་བ་བྱེད་ཀྱི་ཡོད། འོན་ཀྱང་སྔོན་ཆད་བགྲོད་ལམ་གྱི་ནུས་པ་ཙམ་ལས་ཐོན་གྱི་མེད་པས་དཔལ་འབྱོར་གྱི་ཟུར་སྣོན་རིན་ཐང་དམའ་པོ་ཡོད། ནང་སོག་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་པ་དེས་བགྲོད་ལམ་གྱི་བཀག་རྒྱ་མེད་པར་བཟོས་ནས་ནང་འདྲེན་ཐོན་ཁུངས་ས་གནས་དེ་གར་ལས་སྣོན་བྱ་རྒྱུར་སྐུལ་འདེད་ཐུབ་སྟེ་ཐོན་ལས་ཀྱི་རིན་ཐང་དེ་བས་ཆེ་བ་འཕར་བར་ཕན་ཐོགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།