དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཉིན་160ཡི་རིང་ལྷོ་སྣེར་རྟོག་ཞིབ་ཐེངས་42པ་བྱེད་མཁན“གངས་འབྲུག”རྟགས་ཅན་རྒྱལ་ཁའི་ངང་རང་རྒྱལ་དུ་ལོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-14

    ཉེ་ཆར། དུས་ཡུན་ཉིན་160དང་མཚོ་སྐྱོད་ལམ་ཐག་མཚོ་ལེ་ཁྲི་3.4ལྷག་ཙམ་ཟིན་པའི་ཀྲུང་གོའི་ལྷོ་སྣེར་རྟོག་ཞིབ་ཐེངས་42པ་བྱེད་མཁན“གངས་འབྲུག”རྟགས་ཅན་རྒྱལ་ཁའི་ངང་རང་རྒྱལ་དུ་ལོག་པ་རེད། རྟོག་ཞིབ་རུ་ཁག་ལ་རུ་མི་550ཡོད་པ་དང་། རྒྱུན་སྤྱོད་དངོས་ཟོག་ཏུན་3600ལྷག་ཙམ་ཟིན་པ། སྐམ་སའི་དབུས་ཁུལ་དུ་རྟོག་ཞིབ་ཉིན་104བྱས་པས། སླར་ཡང་མི་སྣའི་གཞི་ཁྱོན་དང་ལས་འགན་སྒྲུབ་ཚད་སོགས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཆུ་ཚ་པོའི་གསོར་རྩད་ཀྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ། རང་རྒྱལ་གྱིས་བཟོས་པའི་སྒྲིག་ཆས་གསར་པས་གྲང་ངར་ཆེན་པོ་འགོག་ཐུབ་པ་ལ་སོགས་རུ་ཁག་དེས་ཀྲུང་གོའི་གླིང་སྣེའི་ས་ཁུལ་གྱི་འཚོལ་ཞིབ་ནུས་པ་ཆེ་རུ་ཕྱིན་པ་མངོན་ཡོད། འདི་ནི་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་42པའི་རུ་མི(གཡས)དང་ནང་མི་མཉམ་འཛོམས་བྱུང་བ།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།