དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “རྒྱུགས་ཤིག་ན་ཆུང་ཚོ”ཞེས་པའི་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་སྦྱོང་དཔེ་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-14

    འདི་ནི་སློབ་མས་རྩལ་ཁྲིད་པའི་མཛུབ་སྟོན་འོག་ཕིང་ཕང་སྤོ་ལོ་རྒྱག་སྟངས་སྦྱོང་བཞིན་པ།

    འདི་ནི་རྩལ་ཁྲིད་པས་སློབ་མར་རྐང་འཁོར་འགྲན་བསྡུར་གྱི་ཐབས་རྩལ་ངོམ་སྟོན་བྱེད་བཞིན་པ།

    འདི་ནི་སློབ་མས་རྐང་རྩེད་སྤོ་ལོ་རྩེ་བཞིན་པ།(པར་རིས་ཚང་མ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་མཁོ་འདོན་བྱས)

    གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་སྤེལ་བར་སྐུལ་འདེད་གཏོང་བ་དང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་བདེ་ཐང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི“རྒྱུགས་ཤིག་ན་ཆུང་ཚོ”ཞེས་པའི་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་གི་ལུས་སྦྱོང་དཔེ་སྟོན་བྱེད་སྒོ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དུ་བདེ་བླག་ངང་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་ལུས་རྩལ་ཉམས་ལེན་རྣམ་གྲངས་ཁག་20ལྷག་ཙམ་ཇུས་འགོད་ཞིབ་ཚགས་བྱས་ནས་རྫོང་ཡོངས་ཀྱི་གཞོན་ནུ་ལོ་ཆུང་3800ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    བྱེད་སྒོར་རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཁྲོམ་སྤྲོ། འཕུར་སྡེར། ལུས་སྦྱོང་རླུང་སྒོམ་བརྒྱད་ཅན། མིག་མངས། བོད་ཀྱི་མིག་མངས་བཅས་དང་དེ་བཞིན་ཐའེ་ཆོན་ཏའོ་དྲག་རྩལ། རང་དབང་འཛིང་རེས། རྒྱལ་སྲུང་ལུས་རྩལ་ལུས་སྦྱོང་སོགས་ཀྱི་རྣམ་གྲངས་ཚུད་ཡོད། ལུས་རྩལ་གྱི་སྤྲོ་སྣང་རང་བཞིན་དང་ཁྱབ་གདལ་རང་བཞིན་ལ་སྣང་ཆེན་བྱེད་པ་དང་དུས་མཚུངས་སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་གཞི་རྒྱུ་ཡང་མཉམ་འདྲེས་བྱས་ནས་གཞོན་ནུ་ལོ་ཆུང་གི་སྣ་མང་ཅན་གྱི་ལུས་སྦྱོང་གི་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།