དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིའི་ཚལ་པ་རོང་སྲུང་སྐྱོང་ཁུལ་དུ་ཡུན་ཞུམ་གྱི་བརྙན་པར་ཐེངས་དང་པོ་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-14

    ཉེ་ཆར། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ཚལ་པ་རོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས་སྔ་བསྣུར་ནས་བཙུགས་པའི་དམར་ཕྱིའི་པར་ཆས་བརྒྱུད་ཡུན་ཞུམ་གྱི་འགུལ་སྐྱོད་བྱེད་པའི་བརྙན་པར་གསལ་པོ་ཞིག་ཐེབས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་སྲུང་སྐྱོང་ཁུལ་དེ་བསྐྲུན་ཚུན་ཡུན་ཞུམ་གྱི་ཆ་འཕྲིན་རག་ཐེངས་དང་པོ་དེ་རེད།

    ཚལ་པ་རོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་ཡུན་ཞུམ་གྱི་རྗེས་ཤུལ་རྙེད་པ་དེ་ཐོག་ནས་སྲུང་སྐྱོང་ཁུལ་གྱི་ནགས་ཚལ་སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་འཐུས་སྒོ་ཚང་བ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཟང་ཞིང་། རྩ་ཆེའི་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་སྐྱེ་ཁམས་ཆ་རྐྱེན་ཡག་པོ་ཡོད་པ་ར་སྤྲོད་ཐུབ་ཡོད་ལ། སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལས་དོན་ལའང་གྲུབ་འབྲས་གསར་པ་ཐོབ་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།