རང་ལྗོངས་ཀྱིས་བྱ་ཐབས་ཁག་20བཏོན་ནས་དངུལ་རྩའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ།
ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངོས་སྒྲུབ་ཀྱི་བྱ་ཐབས་ཁག་20ཞིབ་འཇུག་བྱས་ནས་བཟོས་ཏེ་སྲིད་ཇུས་བྱ་ཐབས་དང་། ཞབས་ཞུའི་ལས་ཕྱོད། ཡིད་རྟོན་ཆ་འཕྲིན་བེད་སྤྱོད། ཕྱི་དངུལ་ལས་སྒོ་སྟབས་བདེ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན། གཏོང་སྤྲོད་ཉམས་ལེན། ཁེ་དབང་སྲུང་སྐྱོང་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བདུན་གྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། དེའི་དམིགས་ཡུལ་ནི་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་ཚོང་གཉེར་ཁོར་ཡུག་གི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ལེགས་སུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་དངུལ་རྩའི་ཁོར་ཡུག་གཏོད་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་བྱ་ཐབས་སྤྱོད་པའི་ཐད་བོད་ཀྱི་དམིགས་བསལ་གྱི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱད་དེ་བཅོལ་དངུལ་གྲབས་དངུལ་དང་། ཡང་བསྐྱར་དངུལ་བུན་གཡར་བ། ཡང་བསྐྱར་སྐྱེད་ཀ་སྤྲོད་པ་སོགས་དངུལ་ལོར་སྲིད་ཇུས་བྱ་ཐབས་ཀྱི་ཁྲིད་སྟོན་ནུས་པ་བཏོན་ནས་ས་གནས་ཁྲིམས་མིའི་སྒྲིག་གཞིར་མ་གནས་དམའ་བའི་མ་དངུལ་མཁོ་འདོན་བྱས་པ་དང་འབྲེལ་ཁེ་ལས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ཁྲོད་ཆག་པར་སྐུལ་འདེད་བཏང་ཡོད་པ་རེད།
ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བའི་ཐད་གློག་རྡུལ་ལས་གཉེར་ལག་ཁྱེར་ཁྱབ་གདལ་དང་ཚན་ཚན་ཕྲེང་སྦྲེལ་ལག་རྩལ་སྤྱོད་སྟངས་འཚོལ་ཞིབ་བྱས་ཏེ་ཁེ་ལས་ཀྱི་ཐོ་ཁུངས་འཛུགས་པའི་དུས་ཚོད་སྔར་བས་ཐུང་དུ་གཏོང་རྒྱུ་རེད།
ཡིད་རྟོན་ཆ་འཕྲིན་བེད་སྤྱོད་ཐད་བསྡུ་དགོས་པའི་རྩིས་ཁྲའི་དངུལ་གྱི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས་སོགས་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཁྱབ་གདལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་འབྲིང་ཆུང་ལ་དྲ་ཐོག་ནས་མ་དངུལ་བསྡུ་སྒྲིལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
ཕྱི་དངུལ་ལས་སྒོར་སྟབས་བདེ་བསྐྲུན་པའི་ཐད་ཁེ་ལས་རྩེ་གྲའི་ཚོང་དོན་ཕྱི་དངུལ་གཏོང་ཡོང་སྟབས་བདེ་ཅན་གྱི་སྲིད་ཇུས་ཁྱབ་ཚད་བརྟན་པོའི་ངང་ཆེ་རུ་གཏོང་རྒྱུ་ཁ་གསལ་བཟོས་པ་དང་། ཆ་རྐྱེན་དང་མཐུན་པའི་རྒྱལ་སྒྲོལ་དྲ་ཚོང་ལས་སྟེགས་སོགས་ཚོད་ལྟའི་ནང་འཇུག་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། རྒྱལ་མཚམས་སྒྲོལ་ནས་མི་དམངས་ཤོག་སྒོར་གྱི་བསྡོམས་རྩིས་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ་རེད།
ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ཐད་གཙོ་གནད་ཁྱབ་ཁོངས་ལ་ཁྱབ་པའི་ཉེན་ཁའི་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉེན་ཁ་སྔོན་ཚུད་ནས་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ། སྡེ་ཚན་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཐུན་མོང་ཐོག་འགོག་ཟོན་དང་སེལ་རྒྱུ་རེད།
གཏོང་སྤྲོད་ཉམས་ལེན་ཐད་གཙོ་གནད་ས་ཁོངས་དང་མཛེས་ལྗོངས་ཁུལ་སོགས་སུ་མངའ་ཁོངས་ཕྱི་རོལ་གྱི་དངུལ་ཁང་གཱ་ཡི་བདག་སྤྲོད་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཁ་གསལ་བཟོས་པ་དང་འབྲེལ་གཏོང་སྤྲོད་ཞབས་ཞུ“རྒན་རྒོན་ལ་འཚམ་པ”དང“བོད་ལ་འཚམ་པའི”སྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་རེད།
ཁེ་དབང་སྲུང་སྐྱོང་ཐད་བློ་འདྲི་ཐེར་འདོན་གྱི་ཐད་སྦྲེལ་ཁ་པར་ཨང་གྲངས་12363འཁོར་སྐྱོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐག་གཅོད་བརྒྱུད་རིམ་ལེགས་སུ་གཏོང་བ། ཐེར་འདོན་གྲངས་གཞིར་དབྱེ་ཞིབ་དང་ཁུངས་འདེད་དག་ཐེར་ཡོ་བསྲང་ལ་ཤུགས་སྣོན་རྒྱག་པ། ཁེ་དབང་སྲུང་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞི་མཐུན་གྱི་འཛད་སྤྱོད་ཁོར་ཡུག་ཅིག་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།