དབུ་ཤོག
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

    སྲིད་དོན་ལས་རྗེས་ལྟ་བ་ལེགས་པར་སྲོང་། རྒྱུགས་ལན་འབུལ་མཁན་ཡག་པོ་བྱེད་པར་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-14

    ཉིན་ཤས་རིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་ཆེད་དོན་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་བགྲོ་གླེང་དང་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བསམ་བློའི་གཏིང་ནས“སྲིད་དོན་ལས་རྗེས་སུའི་ཆེད་དུ་འཛུགས་པའི”གནད་དོན་ཐག་གཅོད་ཐུབ་པར་ཁྲིད་སྟོན་ནུས་ལྡན་བྱས་ཡོད་པ་དང་། རྣམ་གྲངས་ལ་སྐུལ་འདེད་དང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཀྱི་འཐབ་ས་དང་པོར་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རྒྱུགས་ལན་ཞིག་འབུལ་ཡོད།

    རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ཀྲི་པུ་ཡི་བློ་ཁ་ཕྱོགས་ནུས་གཅིག་ཏུ་སྒྲིལ་བའི”བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གླེང་སྟེགས་གཉེར་བ་རེད། ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅིས“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར”གྱི་ལྟེ་བའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ཏེ། རང་སོ་སོའི་ཀྲི་པུ་ཡི་ལས་ཀའི་དོན་དངོས་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ཉམས་མྱོང་། ལས་གནས་ཀྱི་འགན་སྒྲུབ་མྱོང་ཚོར་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་ལས་སྒོར་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། འགག་སྒྲོལ་དང་དཀའ་གནད་ཁྱད་བསད་བྱེད་པ་སོགས་ཀྱི་ལས་ཀའི་རྣམ་པར་གཞི་ཚུགས་ནས་ཟུར་ཚད་མི་འདྲ་བའི་ཐོག་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་འགྲེལ་བཤད་བརྒྱབ་པ་རེད། ཏང་ཀྲི་པུའུ་ཁག་གི་ཁོངས་མིས། ད་ཐེངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་གླེང་སྟེགས་ཀྱིས་བསམ་བློའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ཏེ། ཏང་ཡོན་ཡོངས་ལ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས། སེམས་ནུས་དང་སེམས་ཤུགས་ཚང་མ་བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་དོན་གཉེར་བྱེད་པའི་ཐད་གཅིག་སྡུད་བྱས་ཡོད། གོམ་སྟབས་རྗེས་མར། ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་རྒྱུན་གཏན་གྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བོད་ཀྱི་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཁུལ་གསུམ་པས་གསེར་སྐྱེམས་ལའི་རྣམ་གྲངས་བཀོད་འདོམས་པུའུ་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི“དཔའ་བོར་བསྟོད་པའི”འགྲེམས་སྟོན་ཁང་དུ“ཟབ་སྦྱོང་མཐིལ་རྟོགས་དང་དངོས་སྒྲུབ་འགན་འཁུར་གྱིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་རིང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། རྣམ་གྲངས་པུའུ་ཡི་ཏང་ཡོན་ལས་བྱེད་པར་ཏང་གཤིས་ཞུན་བརྡར་དང་བསམ་བློའི་སྦྱོང་བརྡར་ཐེངས་གཅིག་ཐེབས་པར་བྱས་ཡོད། འགྲེམས་སྟོན་ཁང་ལ་ལྟ་སྐོར་དང་སྤེལ་རེས་གཏམ་བཤད་བྱས་པ་བརྒྱུད། ཚང་མས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་དེ་བས་ཤེས་རྟོགས་གཏིང་ཟབ་བྱུང་བ་མ་ཟད། “སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ཀྱི་ཐད་མྱོང་ཚོར་དེ་བས་གཏིང་ཟབ་བྱུང་ཞིང་། ཚང་མས། སློབ་སྦྱོང་གི་གྲུབ་འབྲས་དེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ་དང་། ཚན་རིག་དང་མཐུན་ལ་བདེན་པ་བདེན་ཐུབ་ཀྱི་རྣམ་འགྱུར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་གྲྭའི་བདེ་འཇགས་སྤུས་ཚད་ལ་དམ་འཛིན་ནན་པོ་བྱས་ནས་རྣམ་གྲངས་ཀྱི་སྤུས་ལེགས་ནུས་ཆེའི་ཁ་ཆད་ལག་བསྟར་འགན་ལེན་བྱེད་པ་དང་ཆབས་ཅིག ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལས་གྲྭ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་ཁྱབ་པར་བྱས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད།

    ལྷ་ས་འགག་སྒོ་ལས་ཁུངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ཞིང་། གསོ་སྦྱོང་ལ་ཞུགས་མཁན་ཚང་མས“སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ཀྱི་གནད་དོན་ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་གོ་རྟོགས་དེ་བས་མཐོ་རུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་བྱེད་པ། ལག་ལེན་གྱི་ཐབས་ལམ་དེ་བས་ཁ་གསལ་ཡོང་བ། འགན་འཁྲི་འཁུར་བར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བློ་སྦྱོང་ཟབ་གཏོང་དང་། སེམས་ནུས་གཅིག་སྒྲིལ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་སྔོན་དཔག་དམིགས་ཚད་ལ་སླེབས་པར་བྱས་ཡོད་པ་རེད།

    མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཏང་ཙུའུ་ཡིས་དུས་ཡུན་ཉིན་གཉིས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ཞིང་། དཔེ་ཀློག་འཛིན་གྲྭས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། རིན་ཐང་གི་ཚད་གཞི་སྔར་བས་སྲོང་བ་དང་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ལ་འགྱུར་བར་སྐུལ་འདེད་བཏང་ཡོད། ཚང་མས། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ། ཏང་གཤིས་བློ་སྦྱོང་ཐད་ཧེ་བག་འཚོལ་བ་དང་ཞན་ཆ་སེལ་བ་དང་། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། དངོས་སྒྲུབ་དང་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་གསལ་འགྲེལ་རྒྱག་པ་བཅས་བྱས་ནས་བོད་ལྗོངས་ས་མཐོའི“ནུབ་རྒྱུད་ཀྱི་མུ་ཏིག”ནུས་ཤུགས་ཡོད་རྒུས་སྐྲུན་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད།

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་བླང་བྱར་དམ་པོར་དམིགས་ཏེ། “གྲ་ནང་གི་རྗེས་ཤུལ”ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁྲིད་སྟོན་དུ་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་ཞིབ་དཔྱོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཆེད་མི་མངགས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་རྒྱུན་དུ་བསྡད་ནས་ཡིག་འབུལ་ཞུ་བཅར་ལ་སྣེ་ལེན་དང་། རྩོད་གཞི་འདུམ་འགྲིག བཅའ་ཁྲིམས་མཛུབ་ཁྲིད་སོགས་ཀྱི་ལས་དོན་སྤེལ་ནས། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལ་གཞི་ཚུགས་ཏེ་གཞི་རིམ་བཅོས་སྐྱོང་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།