དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་འགོ་ཚུགས་པ།
ཉེ་ཆར། དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་འགོ་ཚུགས་ཤིང་། ཞིང་ལས་གྲོང་གསེབ་པུའུ་ཡི་ཞིང་ལས་བཀོད་གཏོང་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཟླ་4ཚེས་7ཉིན་བར། རྒྱལ་ཡོངས་ཀྱི་དཔྱིད་འདེབས་འབྲུ་རིགས་འདེབས་ཁྱོན་བཅུ་ཆ་གཅིག་ལེགས་སྒྲུབ་ཟིན་ནས་མྱུར་ཚད་སྤྱིར་ན་སྙོམས་པོ་ཡོད། དེའི་ནང་སྔ་སྨིན་འབྲས་ཀྱི་ལྗང་པ་གསོ་མཇུག་འགྲིལ་ནས་ལྗང་པ་འཛུགས་ཚད་བཅུ་ཆ་གསུམ་ཟིན་པ་དང་། ཧའེ་ནན་དུ་ལྗང་པ་འཛུགས་ཚད་བཅུ་ཆ་དགུ་ཟིན་པ། ཀོང་ཏུང་ཀོང་ཤིས་སུ་ལྗང་པ་འཛུགས་ཚད་བཅུ་ཆ་དྲུག་ཟིན་པ། ཅང་ཤིས་སུ་ལྗང་པ་འཛུགས་ཚད་བཅུ་ཆ་གསུམ་ལྷག་ཙམ་ཟིན་པ། ཧྥུའུ་ཅན་དུ་ལྗང་པ་འཛུགས་ཚད་བཅུ་ཆ་གསུམ་ཙམ་ཟིན་པ། ཀྲེ་ཅང་དུ་ལྗང་པ་འཛུགས་ཚད་བཅུ་ཆ་གཅིག་ཙམ་ཟིན་པ། ཧུའུ་ནན་དང་ཧུའུ་པེ་རུ་ལྗང་པ་འཛུགས་མཁན་རེ་གཉིས་ཡོད་པ་རེད།
ཞིང་ལས་གྲོང་གསེབ་པུའུ་ཡིས་དཔྱིད་དུས་ཀྱི་གྲོ་ཞིང་གཡོག་བྱེད་དང་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་རྒྱུན་མཐུད་སྤེལ་ནས། དགུན་གྲོ་དང་དགུན་འདེབས་པད་ཁའི་དུས་འབྲིང་དང་དུས་མཇུག་གི་ཞིང་ནང་གཡོག་བྱེད་ལག་རྩལ་བསམ་ཆར་བཟོས་ནས་བཀྲམ་ཞིང་། ཉེ་དུས་ལས་དོན་ཚོགས་ཆུང་5དང་ཚན་རྩལ་ཡན་ལག་རུ་ཆུང་མངགས་ནས་ཧོ་ནན་དང་ཧྲན་ཏུང་སོགས་གཙོ་གནད་ཞིང་ཆེན་10རུ་བསྐྱོད་དེ། གཞི་རིམ་གྱི་ཞིང་ལས་ལག་རྩལ་པ་དང་མཉམ་དུ་ཞིང་ནང་དང་མུ་ཁར་བསྐྱོད་ནས་སྐོར་སྐྱོད་མཛུབ་ཁྲིད་དང་ལག་རྩལ་ཞབས་ཞུ་བསྒྲུབས་ཏེ། འགག་རྩའི་ལག་རྩལ་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།