ཟླ་བ་གསུམ་པར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཟླ་བ་གོང་མ་ལས་ཆེས་ཆེར་འཕར་བ།
དུས་ཚིགས་དང་པོར་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་56.7%འཕར་བ།
ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཟླ་བ་གསུམ་པར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་291.7དང་ཁྲི་289.9སོ་སོར་ཟིན་པ་དེ་ཟླ་བ་གོང་མ་ལས་74.4%དང་60.6%སོ་སོར་འཕར་བ་དང་ལོ་གོང་མའི་དུས་མཚུངས་ལས་3%དང་0.6%སོ་སོར་ཆག་པ་རེད། ཟླ་བ་དང་པོ་ནས་གསུམ་པའི་བར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་703.9དང་ཁྲི་704.8སོ་སོར་ཟིན་པ་དེ་དུས་མཚུངས་ལས་6.9%དང་5.6%སོ་སོར་ཆག་ཅིང་། རླངས་འཁོར་ཁྲི་222.6ཕྱིར་གཏོང་བྱས་ནས་དུས་མཚུངས་ལས་56.7%འཕར་ཡོད་པ་རེད།
དུས་ཚིགས་གཉིས་པར་རྒྱང་ལྟ་བྱས་ཚེ“གསར་པ་གཉིས”སོགས་ཀྱི་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ཐོན་རྒྱུ་ཡིན་པ་དང་པེ་ཅིང་རླངས་འཁོར་འགྲེམས་སྟོན་གྱི་ཐོན་རྫས་གསར་པ་མང་པོ་ཡོངས་བསྒྲགས་བྱེད་པའི་དུས་འཁོར་འགོ་ཚུགས་པ་དེས་ཁྲོམ་རའི་ཚོང་དོན་འཕེལ་རྒྱས་འགྲོ་བ་དང་རླངས་འཁོར་འཛད་སྤྱོད་ལ་སྐུལ་མ་ཐེབས་རེ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།