ཁེ་ལས་ཁྲི་3.2ལྷག་ཙམ་ཀོང་ཀྲོའུ་ཚོང་འདུས་སྐབས་139པར་ཞུགས་པ།
ཉེ་ཆར་གསར་འགོད་པར་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)སྐབས་139པ་ཟླ་4ཚེས་15ཉིན་ནས་ཟླ་5ཚེས་5ཉིན་བར་ཀོང་ཏུང་ཀོང་ཀྲོའུ་རུ་དུས་ཐེངས་གསུམ་ལ་དབྱེ་ནས་འཚོག་རྒྱུ་ཡིན་པ་རེད།
སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་155དང་འགྲེམས་གནས་ཁྱོན་བསྡོམས་ཁྲི་7.57ཡོད་པ་དང་། འགྲེམས་ཚོགས་ལ་ཞུགས་མཁན་ཁེ་ལས་ཁྲི་3.2ལྷག་ཡོད་པས་གཞི་ཁྱོན་སྐབས་རིམ་བྱུང་ནང་གི་ཆེ་ཤོས་ཡིན་ཞིང་། དེའི་ནང་ཁེ་ལས་3900ཙམ་འགྲེམས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།