དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཛམ་གླིང་གི་འཕེལ་རྒྱས་ལ་འཆར་གཞི་འགོད་མཁན་གཟིགས་རྒྱང་རིང་བའི་འགོ་ཁྲིད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  པའེ་ཙི་ཝུའེ། ཁང་ཅེ།   |     སྤེལ་དུས།  2026-04-13

    “རྒྱལ་ཁབ་ཁག་གིས་ཕན་ཚུན་ཁྱད་པར་ཡོད་པའི་དབང་གིས་འབྲེལ་བ་གཅོད་མི་རུང་། སྒོ་དབྱེའི་གླེང་མོལ་དང་སྒོ་དབྱེའི་མཉམ་ལས་བྱས་ཏེ་མི་མཐུན་པའི་ཆ་གྲོས་མོལ་བྱས་ནས་སེལ་དགོས། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་འབོད་སྐུལ་གནང་བཞིན་ཡོད”ཅེས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཟུར་པ་དབྱི་ལིན་ནཱ·པོ་ཁོ་ཝ་ཡིས་བརྗོད། ཁོང་གིས་རང་ཉིད་ཀྱི་འདས་སོང་གི་ལས་ཀར་ཕྱིར་དྲན་བྱས་ན། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚམས་འདྲིར་ཕེབས་པ་ནི་བརྗེད་དཀའ་ཤོས་ཀྱི་བྱ་བ་ཞིག་ཡིན་པའི་ངོས་འཛིན་གྱི་ཡོད་པ་དང་། “ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཀྲུང་གོའི་འཕེལ་རྒྱས་ལ་སྣེ་ཁྲིད་གནང་མཁན་གཟིགས་རྒྱང་རིང་བའི་གཙོ་འཛིན་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་འཕེལ་རྒྱས་ལ་འཆར་གཞི་འགོད་མཁན་གཟིགས་རྒྱང་རིང་བའི་འགོ་ཁྲིད་ཀྱང་རེད”ཅེས་བརྗོད།

    པོ་ཁོ་ཝ་ཡིས2009ལོ་ནས་2017ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གནང་བ་དང་རྩ་འཛུགས་དེའི་བུད་མེད་སྤྱི་ཁྱབ་ལས་འཛིན་དང་པོའང་རེད། 2014ལོའི་ཟླ་3ཚེས་27ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་གསུང་བཤད་གལ་ཆེན་གནང་ཞིང་། “དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ལ་སྤོབས་སེམས་ཆེན་པོ་སྐྱེ་བའི་དུས་ཤིག་རེད། གང་ཡིན་ཟེར་ན། ང་ཚོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་ནས་གསུང་བཤད་གལ་ཆེན་གནང་སའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་སྒྲིག་གཞི་ཐོག་མ་ཡིན”ཞེས་བཤད་ལ། སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་པོ་ཁོ་ཝ་ཡིས་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ། “དེ་ཉིན་གསུང་བཤད་གནང་སའི་ཚོམས་ཆེན་དུ་གསན་མཁན་ཧ་ཅང་མང་པོ་ཕེབས་འདུག ཚང་མས་ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པར་རེ་སྒུག་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད།

    “མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་འཛམ་བུ་གླིང་གི་མི་དམངས་དབར་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དོན་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འགན་འཁྲི་དང་ཧ་ཅང་མཐུན་པ་ཞིག་འདུག”ཅེས་པོ་ཁོ་ཝ་ཡིས་བརྗོད་པ་དང་། ཁོང་གིས“ངས་བསམ་ན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྒྱུད་སྤེལ་གནང་བའི་ནང་དོན་གཙོ་བོ་ནི་མི་རྣམས་ཀྱིས་ཤེས་དཔལ་མི་འདྲ་བའི་ཁྲོད་ནས་བློ་གྲོས་འཚོལ་བ་དང་ཉམས་མྱོང་བླངས་ཏེ། མི་རྣམས་ལ་བསམ་པའི་འདེགས་སྐྱོར་མཁོ་འདོན་དང་སེམས་གསོ་བཏང་ནས། མིའི་རིགས་ཡོངས་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་མཉམ་དུ་ཐག་གཅོད་བྱ་རྒྱུ་དེ་རེད”ཅེས་བརྗོད།

    ཕྱིས་སུ་མཇལ་འཛོམས་དང་སྤེལ་རེས་ཐེངས་མང་གནང་བ་ལས་པོ་ཁོ་ཝ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་སྐོར་ལ་དེ་བས་གོ་བ་གཏིང་ཟབ་ལོན་ཐུབ་ཡོད། “དབུལ་པོ་དབུལ་ནག་བསལ་བའི་ཀྲུང་གོའི་གྲུབ་འབྲས་ནི་མི་རྣམས་ཧང་སངས་དགོས་པ་ཞིག་འདུག ཉེ་བའི་ལོ་ཤས་རིང་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ཁྱབ་ཁོངས་མང་པོའི་ཀྲུང་གོའི་མི་དམངས་ཀྱི་བདེ་རྩ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དེས་འཛམ་གླིང་ལ་དཔེ་སྟོན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་བརྗོད།

    དེང་སྐབས་ཀྱི་འཛམ་གླིང་ལ་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་སྲུང་སྐྱོང་རིང་ལུགས་ཡང་ནས་བསྐྱར་དུ་ཐོན་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཐེག་པ་ཁུར་དུ་བཞེས་པ་པོ་ཁོ་ཝ་ཡིས་མཐོང་ཡོད། “2017ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གསུང་བཤད་གནང་སྐབས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན། འཛམ་གླིང་གི་ཁྲོམ་རའི་རྒྱ་མཚོ་ཆེན་པོ་དེའི་ནང་ཆུ་རྐྱལ་རྒྱག་པར་འགྲོ་ཕོད་དགོས། གལ་སྲིད་ནམ་ཡང་རྒྱ་མཚོ་ཆེན་པོའི་རླུང་ཆར་ལ་སྐྲག་པ་དང་མཐོང་རྒྱ་ཆེ་རུ་གཏོང་མི་ཕོད་ན། ནམ་ཞིག་རྒྱ་མཚོ་ཆེན་པོར་བྱིངས་ནས་འཆི་ངེས་རེད་གསུངས་པ་ངས་ད་ལྟའང་ངེས་ཀྱི་འདུག”ཅེས་པོ་ཁོ་ཝ་ཡིས་བརྗོད། དཔེ་དེ་ལས་འཛམ་བུ་གླིང་ལ་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་པའི་ཀྲུང་གོའི་རྣམ་འགྱུར་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་མཉམ་ལས་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་དེ་བས་ཟབ་ཏུ་འགྲོ་རྒྱུ་ཡིན་པར་པོ་ཁོ་ཝ་ལ་ཡིད་ཆེས་བརྟན་པོ་ཡོད་ཅིང་། “ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ངས་འཛམ་གླིང་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་མཉམ་ལས་དམ་ཟབ་ཀྱིས་དེའི་ཐད་ལ་འགན་ལེན་བརྟན་པོ་ཐུབ་རྒྱུ་རེད”ཅེས་པོ་ཁོ་ཝ་ཡིས་བརྗོད་པ་དང་། ཁོང་གིས“ངས་ཀྱང་རིག་གནས་དང་སློབ་གསོ་སོགས་དེ་བས་མང་བའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་བྱེད་པ་མཐོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད། གང་ལགས་ཤེ་ན། དེས་ཁྱབ་ཁོངས་གཞན་དག་གི་མཉམ་ལས་ཟབ་ཏུ་གཏོང་བར་མཐུན་རྐྱེན་སྐྲུན་གྱི་ཡོད། འདི་དག་མེད་ཚེ། ང་ཚོས་དཔལ་འབྱོར་འཕེལ་རྒྱས་གཏོང་མི་ཐུབ་ལ་སྤྱི་ཚོགས་བསྟུན་མཁས་ལྡན་པ་ཞིག་སྐྲུན་མི་ཐུབ་པ་མ་ཟད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་དེ་བས་ཁ་གཏད་གཅོག་མི་ཐུབ”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།