དཔྱིད་དཔལ་ལ་དགའ་བས་རོལ།

ཉེ་ཆར། དབྱི་ཐ་ལིའི་རྒྱལ་ས་རོ་མར་དྲོད་ཚད་འཕེལ་ནས་དཔྱིད་དཔལ་རིམ་བཞིན་རྒྱས་པ་དང་སྦྲགས། མི་རྣམས་ཁྱིམ་ནས་ཐོན་ཏེ་དཔྱིད་ཀའི་སྒེག་ཉམས་ལ་རོལ་བཞིན་ཡོད། འདི་ནི་རོ་མའི་པོར་ཀེ་སེ་སྤྱི་གླིང་དུ་དཔྱིད་དཔལ་ལ་རོལ་བཞིན་པའི་གྲོང་མི་ཡིན་པ།

དཔྱིད་དཔལ་བཞད་པ་དང་བསྟུན་ནས། མི་རྣམས་ཕྱི་རོལ་དུ་སྤྲོ་གསེང་ལ་བསྐྱོད་དེ་དགའ་བདེའི་དཔལ་ལ་རོལ་ཞིང་། འདི་ནི་ཡུལ་སྐོར་བ་ཞིག་གིས་ཧྥ་རན་སེའི་ཕ་རི་སིའི་གྲོང་འདབས་ཀྱི་སུའོ་གྲོང་རྡལ་དུ་མེ་ཏོག་ལ་པར་རྒྱག་བཞིན་པ།

དབྱིན་ཇིའི་ལོན་ཏོན་གྱི་པའེ་ཅིན་ཧན་ཕོ་བྲང་ཉེ་འཁོར་དུ་མེ་ཏོག་ཡུས་ཅིན་ཤང་རབ་ཏུ་བཞད་ཅིང་། འདི་ནི་མི་རྣམས་མཛེས་པའི་མེ་ཏོག་ཁྲོད་རྩེད་འཇོར་རོལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།