དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་བཅོས་སྐྱོང་གི་ལག་ལེན་ལས་ཕུགས་ཀྱི་ཇུས་འགོད་དང་ཚན་རིག་དང་མཐུན་པའི་བཀོད་ཇུས་ལ་མཐོང་ཆེན་བྱེད་ཀྱི་ཡོད”

    —— བྷང་ག་ལའི་ཧྲ་ཅཱ་ལཱར་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྲ་ཧ་པུར་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལི་ཨན་ཆི།   |     སྤེལ་དུས།  2026-04-13

    “ཀྲུང་གོར་སློབ་སྦྱོང་བྱེད་རིང་ང་རང་གི་འཚར་ལོངས་ལ་གོ་སྐབས་གལ་ཆེན་ཐོབ་པ་མ་ཟད། ངའི་ནང་མི་ཚང་མར་དྲན་ཤེས་བཟང་པོ་ཞིག་ཀྱང་བཞག་ཡོད”ཅེས་བྷང་ག་ལའི་ཧྲ་ཅཱ་ལཱར་ཚན་རྩལ་སློབ་ཆེན་ཆབ་སྲིད་རིག་པའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་མུའུ་ཧན་མོ་ཏེ·ཧྲ་ཧ་པུར·ཧ་ཁེས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས“བརྗེད་པར་དཀའ་བའི་དུས་ཚོད་དེས་ངར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་རག་བྱུང”ཞེས་བརྗོད།

    ཧྲ་ཧ་པུར་དང་ཀྲུང་གོའི་དབར་གྱི་ལས་འབྲེལ་ནི་ཁོང་ཕྱི་རྒྱལ་དུ་སློབ་གཉེར་བྱེད་རིང་ཀྲུང་གོའི་སློབ་གྲོགས་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་ཆགས་པ་ལས་གྲུབ་པ་ཞིག་རེད། ཧོ་ལན་དུ་སློབ་སྦྱོང་བྱེད་རིང་ཁོང་གིས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁག་གཅིག་ངོ་ཤེས་ནས་གྲོགས་པོ་བཟང་པོར་གྱུར་ཞིང་། ཁོང་ཚོའི་སྐད་ཆ་ལས་ཧྲ་ཧ་པུར་གྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཤེས་རྟོགས་བྱུང་ནས་གསོན་ཤུགས་ཀྱིས་ཁེངས་པའི་ཤར་ཕྱོགས་ཀྱི་ས་གཞི་ཆེན་པོར་སྤྲོ་སྣང་འཕེལ་ཏེ། ཀྲུང་གོའི་ས་ཆ་ཁག་ཏུ་ལྟ་བར་འགྲོ་རྒྱུའི་སེམས་ཐག་བཅད།

    2016ལོར་ཧྲ་ཧ་པུར་ལ་རེ་འདོད་ལྟར་པེ་ཅིང་དགེ་འོས་སློབ་ཆེན་དུ་འབུམ་རམས་པའི་སློབ་གནས་འགྲིམ་པའི་གོ་སྐབས་ཐོབ་ནས་ཀྲུང་གོར་སློབ་སྦྱོང་བྱེད་འགོ་ཚུགས། “སློབ་གཉེར་དང་འཚོ་བ་སོགས་གང་སྤྱིའི་ཐད་ཀྲུང་གོའི་དགེ་རྒན་དང་། སློབ་གྲོགས། ཁྱིམ་མཚེས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ངང་རྒྱུད་རིང་པོས་ང་ལ་རོགས་རམ་བྱེད་པ་དང་འབྲེལ། ང་དང་གླེང་མོལ་སྣ་ཚོགས་བྱེད་པར་དགའ་པོ་བྱེད་ཀྱི་འདུག ངས་སྙིང་དབུས་ནས་སེམས་རྩ་འཁོལ་ཞིང་མཛའ་བརྩེ་ཟབ་པའི་ཀྲུང་གོའི་གྲོགས་པོར་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། དེ་གར་སྡོད་རིང་ཧ་ཅང་སྐྱིད་པོ་བྱུང”ཞེས་ཧྲ་ཧ་པུར་གྱིས་བརྗོད།

    སློབ་མཐར་ཕྱིན་ནས་རྒྱལ་ཁབ་ཏུ་ལོག་སྟེ་མཐོ་སློབ་ཏུ་ལས་ཀར་ཞུགས་རྗེས། ཧྲ་ཧ་པུར་གྱིས་བྷང་ག་ལ་དང་ཀྲུང་གོའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ཐོག་མཐའ་བར་གསུམ་དུ་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད། “བྷང་ག་ལ་ནི་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དུ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་མཁན་རྒྱལ་ཁབ་དང་པོ་དེ་རེད། ཏ་ཧྲེར་ཀན་ཏིའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བཙུགས་ནས་སྤྱོད་འགོ་ཚུགས་པ་དང་། ཏ་ཁའི་ས་ཁུལ་གྱི་གློག་དྲའི་མ་ལག་རྒྱ་སྐྱེད་དང་རིམ་སྤོར་བྱེད་པ་སོགས། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལས་བྷང་ག་ལའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།